བོད་ལྗོངས་སུ་ཡུལ་གཞན་གྱི་ཐོབ་ཐང་ལག་ཁྱེར་སྒྲུབ་ལེན་བྱས་ཆོག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-14


        བདག་སྤྲོད་བྱ་ཡུལ། བདག་སྤྲོད་བྱ་ཡུལ་སྐོར་ལའང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གཏན་འབེབས་ཁ་གསལ་བྱས་པ་སྟེ། རྒྱུན་སྡོད་ཐེམ་ཐོ་གནས་སའི་ཞིང་ཆེན་(གྲོང་ཁྱེར་དང་རང་སྐྱོང་ལྗོངས་)ནས་ཁ་བྲལ་ཏེ་བོད་རང་སྐྱོང་ལྗོངས་སུ་ཁྲིམས་དང་མཐུན་ཞིང་བརྟན་འཇགས་ཀྱི་ལས་ཞུགས་པ་དང་། སློབ་གཉེར་བ། གནས་བཅའ་བ་བཅས་ཀྱི་བོད་ལྗོངས་ཀྱི་ཐེམ་ཐོ་མ་ཡིན་པའི་མང་ཚོགས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དུས་བཀག་གཙང་བས་བརྗེ་ལེན་དང་། འཕྲོ་བརླག་ཆག་གྲུམ་བྱུང་བས་བརྗེ་ལེན། བོར་བརླག་ཤོར་བས་གསབ་ལེན་བཅས་བྱ་རྒྱུའི་རེ་ཞུ་བྱས་ཆོག་པ་རེད། བདག་སྤྲོད་མི་བྱེད་པར་ཡང་གཏན་འབེབས་གསལ་པོར་བྱས་ཡོད་པ་སྟེ།
      གཅིག་ནི་རབས་གཉིས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རེ་ཞུ་སྒྲུབ་ལེན་ཐོག་མ་བྱེད་མཁན་ནམ་ད་ལྟའི་ཐེམ་ཐོ་ཡོད་ས་ནས་རབས་གཉིས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱས་མེད་མཁན་བདག་སྤྲོད་མི་བྱ་རྒྱུ་དང་།
       གཉིས་ནི་སྤྱི་བདེ་ལས་ཁུངས་ཀྱིས་ཟིན་ཐོར་བཀོད་པའི་ཆ་འཕྲིན་དང་གཅིག་མཐུན་མིན་པ་དང་། བཞིན་རས་ཀྱི་ཁྱད་རྟགས་ལ་འགྱུར་བ་ཆེ་ཙམ་བྱུང་བ་མ་ཟད་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་མཛུབ་རིས་ཀྱི་ཆ་འཕྲིན་ཟིན་འགོད་བྱས་མེད་པས་ཐོབ་ཐང་ངོས་འཛིན་བྱེད་དཀའ་བའི་རིགས། ཡུལ་མིའི་ཐོབ་ཐང་ལག་ཁྱེར་མ་ལག་ཏུ་འདྲ་པར་མེད་རིགས། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བསྐྱར་ཟློས་སམ་ནོར་བ་སོགས་བདག་སྤྲོད་མི་བྱ་རྒྱུ།
      གསུམ་ནི་ཡིད་རྟོན་མི་རུང་བའི་ཟིན་འགོད་བྱས་ཡོད་པའི་མི་སྣ་བདག་སྤྲོད་མི་བྱ་རྒྱུ་སྟེ། དེའི་ནང་དུ་གྲོང་མིའི་ཐེམ་ཐོ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། རྒྱལ་གྲོལ་ལམ་ཡིག ཁ་ལོ་བའི་འཛིན་ཡིག་བཅས་རྫུན་བཟོ་དང་། སྒྱུར་བཟོ། ཉོ་འཚོང་། བརྫུས་ལེན། གཡོ་ལེན། རྫུན་སྤྱོད་བཅས་བྱེད་མཁན་དང་། གྲོང་མིའི་ཐེམ་ཐོ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། རྒྱལ་གྲོལ་ལམ་ཡིག ཁ་ལོ་བའི་འཛིན་ཡིག་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་འཛིན་ཡིག་རྫུན་མ་ཉོ་འཚོང་དང་བདེ་སྤྱོད་བྱེད་མཁན། དེ་བཞིན་རྒྱལ་ཁབ་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་སྟེགས་བུས་སྐྱེལ་སྤེལ་བྱས་པའི་ཡིད་རྟོན་མི་རུང་བའི་ཟིན་འགོད་ཡོད་མཁན་མི་སྣ་བཅས་བདག་སྤྲོད་མི་བྱ་རྒྱུ།
       བཞི་ནི་གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་སྒྲུབ་ལེན་བྱ་རྒྱུ་མིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1