སློབ་ཆུང་སློབ་མའི་སློབ་ཞུགས་ཀྱི་དུས་ཚོད་ཚད་བཀག་གྲོང་ཁྱེར་དང་ཁུལ་སོ་སོས་ཐག་གཅོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-15


        ཉེ་ཆར། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས《སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གི་2017ལོའི་འོས་འགན་སློབ་གསོའི་སློབ་མ་བསྡུ་ཞུགས་ལས་ཀའི་སྐོར་གྱི་བརྡ་སྦྱོར།》བརྒྱུད་བསྐུར་བྱས་ཏེ་ས་གནས་སོ་སོས་ཁྱོན་ཡོངས་ནས་འོས་འགན་སློབ་གསོའི་རིན་མེད་པར་ཁྱིམ་གྱི་ཐག་ཉེ་རུ་སློབ་གྲྭར་འགྲོ་བ་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན། སྤྱི་ཚོགས་ཡོངས་ནས་སེམས་ཁུར་བྱེད་བཞིན་པའི་སློབ་ཆུང་གི་སློབ་ཞུགས་ལོ་ཚོད་ཀྱི་གནད་དོན་ཐད་ལ་ཞིང་ཆེན་སློབ་གསོ་ཐིང་གིས་གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་དང་ཆུས།)སོ་སོས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཆུང་ལོ་རིམ་དང་པོའི་སློབ་མའི་སློབ་ཞུགས་ཀྱི་དུས་ཚོད་ཚད་བཀག་ཐག་གཅོད་བྱ་དགོས་ཞེས་བསྟན། 
        བརྡ་སྦྱོར་ལས་ས་གནས་སོ་སོའི་ཁྲིམས་ལྟར་སློབ་ལོ་རན་པའི་བྱིས་པ་དང་ན་ཆུང་བྱིས་པས་འོས་འགན་སློབ་གསོ་མྱོང་བའི་དབང་ཆར་འགན་སྲུང་བྱས་ཏེ་སྟོན་ཁར་སློབ་འགོ་ཚུགས་དུས་ལོ་ན་དྲུག་ལ་སོན་པའི་བྱིས་པ་སློབ་ཞུགས་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། ཆ་རྐྱེན་མི་འཛོམས་པའི་ས་གནས་ཁག་གིས་ལོ་ན་བདུན་བར་ཕྱིར་འགྱངས་བྱས་ཆོག གཞན་རང་ཞིང་གི་ས་གནས་སོ་སོའི་བར་ཁྱད་ཅུང་ཆེ་བས་གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་དང་ཆུས།)སོ་སོས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཆུང་ལོ་རིམ་དང་པོའི་བྱིས་པའི་སློབ་ཞུགས་ཀྱི་དུས་ཚོད་ཚད་བཀག་ཐག་གཅོད་བྱ་དགོས་ཞེས་བསྟན། 
        བརྡ་སྦྱོར་ལས་སློབ་ཆུང་སློབ་མ་ཐག་ཉེ་ནས་སློབ་ཞུགས་བྱེད་པའི་བྱེད་ཐབས་སྤྱོད་དགོས་པ་དང་མཐོ་འབྲིང་སློབ་མ་95%ཡན་ཐག་ཉེ་ནས་སློབ་ཞུགས་བྱེད་པར་ཐག་གཅོད་བྱ་དགོས། གཞན་2017ལོའི་སྟོན་ཁར་སློབ་འགོ་ཚུགས་པ་ནས་བཟུང་སློབ་མ་56ཡན་གྱི་འཛིན་གྲྭ་ཆེན་པོ་འབྱུང་མི་ཆོག་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1