རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་ཆ་འཕྲིན་རོགས་འདེགས་སྤྱད་དེ་འདྲི་གཅོད་བྱས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-15


        ཉེ་ཆར།  རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རོགས་འདེགས་བྱས།  རོང་བྲག་རྫོང་གི་ཉེས་ཅན་དོ་དམ་ཁང་དུ་བཟུང་ཡོད་པའི་བཙོན་པ་ག་གེ་མོ་ཞིག་ལ་དྲ་ལམ་ནས་ཁྲིམས་རའི་འདྲི་གཅོད་བྱས།  
        འདྲི་གཅོད་ཀྱི་གོ་རིམ་ཁྲོད་དུ།  དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་གྱི་ཁྲིམས་དཔོན་དང་ཧྲུའུ་ཅི་ཨུ་ཡོན། རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་གནས་ཚུལ་བཅས་ཀྱི་བརྙན་འཕྲིན་དུ་འཆར་ནས་ཁྲིམས་དཔོན་དང་ཞུ་གཏུག་མཁན་ཁ་གཏད་གདོང་ཐུག་གིས་གྱོད་དོན་འབྲེལ་བའི་དོན་གནད་ལ་འདྲི་གཅོད་བྱས་པ་རེད།།
        ཤེས་རྟོགས་བྱུང་པ་ལྟར་ན། སྔོན་མར་ས་གནས་གཞན་དུ་བཟུང་ཡོད་པའི་བཙོན་པ་ཞིག་ལ་འདྲི་གཅོད་བྱེད་དགོས་དུས།  གོང་རིམ་གྱི་མི་དམངས་ཁྲིམས་ཁང་གིས་མི་ཤུགས་དང་དངོས་ཤུགས།  རྒྱུ་སྟོབས་དང་དུས་ཚོད་འབོར་ཆེན་གཏོང་དགོས་པ་དང་། ད་ལྟ་ཆ་འཕྲིན་གྱི་རོགས་འདེགས་ལ་བརྟེན་ནས་འདྲི་གཅོད་བྱེད་པར་དུས་ཚོད་ཇེ་ཐུང་དང་འདྲི་གཅོད་ཀྱི་ལས་ཆོད་མཐོ་རུ་གྱུར་བར་མ་ཟད། སྲིད་ཁྲིམས་གྱི་ཐོན་ཁུངས་གྲོན་ཆུང་བཅས་ལ་ཕན་པ་ཆེན་པོ་ལྡན་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1