ཧུང་ཡོན་རྫོང་གིས་དུས་རིམ་གཉིས་པའི་གནོད་སྐྱོབ་གཟན་རྩྭའི་གཤམ་སྤྲོད་ལས་ཀ་འགོ་ཚུགས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-15
ཉེ་ལམ། ཧུང་ཡོན་རྫོང་ལ་བསྟུན་མར་ཁ་བ་བབས་ནས་ཕྱུགས་ལས་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས་པས་ཧུང་ཡོན་རྫོང་གིས་དུས་རིམ་གཉིས་པའི་གནོད་སྐྱོབ་གཟན་རྩྭའི་གཤམ་སྤྲོད་ལས་ཀ་སྤེལ་ནས་འབྲོག་པ་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱས། མིག་སྔའི་བར། ཁྱོན་བསྡོམས་གྲོང་བརྡལ་11ལ་གཟན་རྩྭ་སྤྱི་རྒྱ་45000གཤམ་སྤྲོད་བྱས་པ་རེད།།