《གེ་སར་སྒྲུང》གི་བོད་རྒྱ་ཡིག་སྒྱུར་བྱ་བ2018ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱ་རྩིས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-16


        རགས་རྩིས་བྱས་པ་ལྟར་ན། 《གེ་སར་སྒྲུང》ལ་མ་མཐའ་ཡང་སྒྲུང་དཔེ226ཡོད་པ་དང་། ཚིག་རྐང་ཁྲི200ལྷག་ཡོད། དེ་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་ཆེན་མོ《རཱ་མ་ཎའི་རྟོགས་བརྗོད》ལས་ཅང་རིང་བས། 《གེ་སར་སྒྲུང》ནི་མིག་སྔར་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཡིན། ད་ལྟ་བོད་ལྗོངས་ཀྱི་རིག་གནས་རྣམ་གྲངས་ཆེན་མོ《གེ་སར་སྒྲུང》གི་བོད་རྒྱ་ཡིག་སྒྱུར་བྱ་བ་བྲེལ་འཚུབ་ངང་སྒྲུབ་བཞིན་པའི་སྒང་ཡིན་ལ། ཐོག་མའི་འཆར་གཞི་ལྟར་ན2018ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱ་རྩིས་ཡོད། མིག་སྔར《(གེ་སར་སྒྲུང)སྒྲུང་བ་བསམ་འགྲུབ་ཀྱི་སྒྲུང་དཔེ》ཞེས་པའི་ཡིག་སྒྱུར་དཔེ་སྐྲུན་བྱ་བ་ལས་ཞུ་དག་བྱས་ཟིན་པའི་སྒྲུང་དཔེ5པར་སྐྲུན་བྱས་པ་དང་། དེའི་ཁྲོད《ལྷ་གླིང་གབ་རྩེ་དགུ་སྐོར》《མོན་གླིང་གཡུལ་འགྱེད》《བྷེ་རའི་ར་རྫོང 》《 འདན་མ་ནས་རྫོང 》《བྱེ་རུའི་བྱུར་རྫོང 》 འདུས་ཤིང་། ད་ལོར《  མུ་ཉག་གསེར་རྫོང 》ཞེས་པའི་སྒྲུང་དཔེ5པར་སྐྲུན་བྱ་རྩིས་ཡོད།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1