ད་ལོར་སི་ཁྲོན་གྱིས་རྫོང་16དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-17


        ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཚོགས་ལ་ཞུགས་སྐབས་སྤྱི་ལོ་2020ལོར་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཡོངས་དང་དབུལ་ཕོངས་རྫོང་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་ནི་ང་ཚོའི་ཏང་གིས་བཀའ་རྒྱ་ཡིན། དབུལ་སེལ་འགག་སྒྲོལ་ཕྱིར་འགྱངས་ཅི་ལྟར་བྱས་ན་དེ་ལྟར་བསྒྲུབ་དཀའ་བ་དང་། འགན་ཁུར་མང་བ་རེད། མུ་མཐུད་དུ་སྡེ་བའི་བཅའ་སྡོད་ལས་བྱེད་པ་ལེགས་པོར་བདམས་ནས་ཞིང་བའི་མ་དངུལ་གཅིག་སྡུད་དང་དབུལ་སེལ་འགག་སྒྲོལ་གྱི་དབུལ་སྐྱོར་བྱེད་ཐབས་བཅོས་སྒྱུར་བྱ་དགོས། སུ་ལ་དབུལ་སྐྱོར་བྱེད་པ་དང་སུས་དབུལ་སྐྱོར་བྱེད་པ། ཅི་ལྟར་དབུལ་སྐྱོར་བྱེད་པ། ཅི་ལྟར་ཕྱིར་བུད་པའི་གོ་རིམ་ཚང་མ་གནད་ལ་འཁེལ་དགོས། མུ་མཐུད་དུ་དབུལ་ཕོངས་ལས་ཐར་བའི་རྫོང་དང་སྡེ་བ། དུད་ཁྱིམ་བཅས་སྲ་བརྟན་དུ་བཏང་ནས་འཐུས་ཚང་བའི་དབུལ་སེལ་ལམ་ལུགས་འཛུགས་ཏེ་དབུལ་སྐྱོར་ལས་ཀའི་ཁྲོད་ཕྱི་རྣམ་རང་ལུགས་འབྱུང་བར་སྔོན་འགོག་བྱ་དགོས་ཞེས་བསྟན།
        ཞིང་ཆེན་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་ཀྱི་ཏང་ཙུའུ་ཨུ་ཡོན། ཅུས་ཀྲང་གཞོན་པ་ཐང་ཡའེ་ཡིས་སི་ཁྲོན་གྱི་དབུལ་སེལ་འགག་སྒྲོལ་གཡུལ་ས་ཆེན་མོ་ནི་ཡུག་ཁུལ་ཆེན་མོ་བཞི་ཡིན་ལ། 2017ལོའི་འཆར་གཞི་ནི་རྫོང་དབུལ་ཕོངས་རྫོང་16དང་དབུལ་ཕོངས་སྡེ་བ་3700 དབུལ་ཕོངས་མི་གྲངས་ཁྲི་105དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་དེ་ཡིན་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1