ཆུ་གསུམ་རྫོང་གིས་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ལས་དོན་ཞིབ་བཤེར་རྩིས་ལེན་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-20


        ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཅུས་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ཆུ་གསུམ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་2015ལོའི་ཆུ་གསུམ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་ས་ཚིགས་4ཡི་བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་སྦྲགས། 2016ལོའི་འཁྱག་གཏོང་སྦྱོར་སྡེབ་ལས་འགན་གྲུབ་ཚུལ་དང་2017ལོའི་མོ་ཕྱུགས་ལག་ཡོད་མགོ་གྲངས་ལ་ཞིབ་བཤེར་མཐིལ་རྟོགས་བྱས་པ་རེད། དེ་དང་ཆབས་ཅིག ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ལག་རྩལ་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཕ་སྦྱོར་རྒྱུད་སྤེལ་བའི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔའི་བར། ཆུ་གསུམ་རྫོང་གིས་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ཕ་སྦྱོར་ས་ཚིགས་ཁག་19བཙུགས་ནས་ཆེད་ལས་ཕ་སྦྱོར་རྒྱུད་སྤེལ་བ་23ཡོད་པ་དང་། 2016ལོར་ཕྱུགས་རིགས་མགོ་གྲངས་2420ལ་ཕ་སྦྱོར་བྱས་ནས་ཕ་སྦྱོར་རྒྱུད་སྤེལ་བྱེད་ཚད་99%ཟིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1