གསེར་རྟ་རྫོང་གིས་འཕྲིན་སྦྱོར་གླེང་སྟེགས་ཤར་གཏོང་བྱེད་འགོ་བརྩམས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-21


       

        ཉེ་ཆར།  གསེར་རྟ་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་འཕྲིན་སྦྱོར་གླེང་སྟེགས《གསེར་རྟ་གླེང་སྟེགས་ཆེན་མོ།》ཞེས་པ་དེ་གསེར་རྟ་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་ཕ་ཡུལ་གསེར་གྱི་ལུང་པ་ཞེས་པའི་འཕྲིན་སྟེགས་སྟེང་ཤར་གཏོང་བྱེད་འགོ་བརྩམས།

        ལེ་ཚན་དེའི་ནང་སྲིད་ཇུས་གསལ་འགྲེལ་དང་གསར་འཕྲིན།  དམངས་འཚོ་འཕེལ་རྒྱས་དང་ཤེས་བྱ་ཀུན་འདུས་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད་ལ།    ཞིང་འབྲོག་མི་དམངས་རྣམས་ཀྱི་གོ་བདེ་པའི་སྐད་རིགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཚོ་བའི་ཤེས་བྱ་སོགས་ཁྱབ་བསྒྲགས་བྱེད་པ་གཙོར་འཛིན།
        རྒྱུས་ལོན་བྱུང་བ་ལྟར་ན།  མིག་སྔར།《གསེར་རྟ་གླེང་སྟེགས་ཆེན་མོ།》ཞེས་པའི་འཆད་ཁྲིད་ཀྱི་ལེ་ཚན་བདུན་ཤར་གཏོང་བྱས་ཡོད་ལ་ཉན་མཁན་མི་ཁྲི་1ལྷག་ཟིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1