༄༅།། ཕྲུ་གུ་དམར་འབྱར་གྱི་སྣ་ཁུང་འགག་ན་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-22


        ཕྲུ་གུ་དམར་འབྱར་སྣ་ཁུང་འགག་སྐབས་ཁས་དབུགས་རྔུབ་ལེན་ཐུབ་ཀྱི་མེད། སྣ་ཁུང་འགག་ན་དབུགས་རྔུབ་གཏོང་བྱེད་ཁག་པོ་ཡོད།ཕྲུ་གུ་དམར་འབྱར་ལ་སྣབས་རྟུག་ཡོད་སྐབས། ཆུ་དྲོད་འཇམ་ནང་སྲིང་བལ་རྒྱུག་པ་སྦངས་ནས་ག་ལེར་སྔོག་དགོས། 
 ཕྲུ་གུ་དམར་འབྱར་ལ་སྔས་མགོ་སྤྱོད་ཆོག་གམ།

        ཕྲུ་གུ་སྐྱེས་རྗེས་ཀྱི་ཟླ་དང་པོའི་ནང་ཕྲུ་གུ་དམར་འབྱར་ལ་སྔས་མགོ་སྤྱོད་རྒྱུ་མེད། ཟླ་གཅིག་སོང་རྗེས་ཕྲུ་གུ་དམར་འབྱར་གྱི་སྒལ་རུས་རིམ་བཞིན་འཚར་གྱི་ཡོད། སྒལ་རུས་ཀྱག་ཀྱོག་ལ་གཞིགས་ནས་སྔས་མགོ་གདམ་ག་བྱེད་དགོས། སྔས་མགོའི་རིང་ཚད་དཔུང་ཞེང་དང་སྙོམས་དགོས་པའམ་ཡང་ན་དེ་ལས་རིང་བ་ཡོད་དགོས། ཞེང་ཚད་མགོ་བོ་ལས་ཆེ་ཙམ་དགོས་པ་དང་མཐོ་ཚད་ལི་སྨི་5ཙམ་དགོས། རས་ཀྱི་སྔས་མགོ་དང་སྔས་སྙིང་འབོལ་ལ་རླུང་རྒྱུག་ཐུབ་པ་ཞིག་དགོས། སྔས་སྙིང་རབ་བྱུང་ན་རྒྱ་བྲའི་པགས་པ་ཡིན་དགོས། དེ་ལྟར་མ་བྱུང་ཚེ་ཕྲུ་གུ་དམར་འབྱར་གྱི་ཀླད་རུས་ཀྱི་བཟོ་ལྟ་འགྱུར་སླ་པོ་ཡོད།

(རྩོམ་འདི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1