༄༅།། འཚོ་བའི་ཁྲོད་ཀྱི་འགུལ་སྐྱོད་སླ་མོ་དག་ལ་དོ་སྣང་བྱོས།

ལྷ་བྱ་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-22


        ལུས་ཁམས་བདེ་ཐང་ལ་ཕན་པ་ཆེ། གཤམ་དུ་ལས་སླ་མོ་ཡིན་ལ་བདེ་ཐང་ལ་ཕན་པ་ཆེ་བའི་བདེ་ཐང་ཤེས་བྱ་ཁག་ཅིག་ངོ་སྤྲོད་བྱ།
1.མགོ་བོ།
        མིའི་ན་ཚོད་ཡོལ་བའི་ཚེ་གཟུགས་གཞི་རྒུད་ནས་ལུས་ཁམས་ཡོངས་ཀྱི་ནུས་པ་ཉམས་བཞིན་ཡོད་པས།  ལྷག་པར་དུ་མགོ་དེ་ཕྱིའི་ཁོར་ཡུག་དང་རྒྱུན་དུ་ཐུག་རེག་མང་བས།  ནད་མང་ཆེ་བ་མགོ་ལས་བྱུང་བ་རེད།དེ་བས།  མི་ལོ་ལོན་གྱིས་ལུས་ཟུངས་གསོ་བར་མགོ་བོ་ནས་མགོ་རྩོམ་དགོས་པ་ལ།  རྒྱུན་དུ་མགོ་བཤད་ནས་མགོའི་ཁྲག་རྒྱུ་བར་མཐུན་རྐྱེན་བསྒྲུབས་ན་མགོའི་འཚོ་བཅུད་ཕོན་པོར་འགྱུར་སྲིད།  ད་རུང་མི་རྒན་པའི་གཟའ་འཁོར་གཅིག་ལ་མགོ་ཐེངས་གཅིག་ལ་བཀྲུ་བ་ལས་ཐེངས་མང་པོར་བཀྲུས་ན་ཕན་པ་མི་ཆེ།
2.ཞལ་ངོ་། 
        རྒྱུན་དུ་ལག་པ་གཉིས་ཀྱིས་ངོ་འཕུར་འཕུར་བྱས་ན་ཁྲག་རྒྱུ་བར་ཕན་པ་བསྒྲུབས་ནས།  ལུས་པོའི་ནུས་སྟོབས་རྒྱས་པར་མཐུན་རྐྱེན་བསྒྲུབ་དགོས།
3.ཁ། 
        ཉིན་རེར་མ་མཐའ་ཡང་ནངས་ནུབ་ལ་སོ་ཐེངས་རེར་བཀྲུ་དགོས།  ཁའི་འཕྲོད་བསྟེན་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན།
4.གདོང་བ། 
        མཐེ་བོང་གཉིས་པོས་སྣའི་གདོང་ན་ཕུར་ཕུར་བྱེད་དགོས་ལ། ཉིན་རེར་ཐེངས་གཉིས།  ཐེངས་རེར་ཡར་མར་ལ་ཐེངས་ལྔ་བཅུ་དེད་དགོས།  རྒྱུན་འཁྱོངས་བྱས་ན་ཆམ་པ་སྔོན་འགོག་བྱེད་ཐུབ།
5.མིག 
        རྒྱུན་དུ་མིག་འབྲས་ཕྱོགས་བཞི་བོར་འཁོར་བ་དང་མིག་བཙུམ་ལྡེབ་བྱས་ན་མིག་ཤེད་མི་ཉམས་པར་ཕན་ཡོད།
6.རྣ་བ།
         རྒྱུན་དུ་རྣ་བའི་ཕྱི་ནང་གཉིས་དལ་མོ་བྱས་ནས་ཕུར་ན།  རྣའི་ཚོར་བ་ཉམས་པར་སྔོན་འགོག་ཐུབ།


(རྩོམ་འདི་མཐོ་བོད་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1