སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་བོད་རིགས་དང་ཆའང་རིགས་ཀྱི་ཟློས་གར་སློབ་གྲྭར་སྤེལ་བའི་བྱེད་སྒོ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23



        ཟླ་3ཚེས་20ཉིན། "2017ལོའི་རྔ་བ་བོད་རིགས་དང་ཆའང་རིགས་ཀྱི་ཟློས་གར་སློབ་གྲྭར་སྤེལ་བའི"བྱེད་སྒོ་སི་ཁྲོན་ཞིང་ཆེན་ཝུན་ཁྲོན་རྫོང་རྔ་བ་དགེ་འོས་སློབ་གླིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། བོད་རིགས་དང་ཆའང་རིགས་ཀྱི་ཟློས་གར་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མང་པོའི་ཁྲོད་ཀྱི་མཆོག་ནོར་དང་། རྔ་བ་ཁུལ་གྱི་གནའ་བོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ས་ཁུལ་གྱི་ཟློས་གར། བོད་རིགས་དང་ཆའང་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་བཅས་ཡིན་ལ། ཟློས་གར་གྱི་ཁྱིམ་གཞི་ཆེན་པོའི་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ཅིག་ཀྱང་རེད། གནའ་བོའི་བོད་རིགས་དང་ཆའང་རིགས་ཀྱི་ཟློས་གར་རྔ་བ་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་དང་ཆེད་སྦྱོང་སློབ་གྲྭ  སློབ་འབྲིང་ཁ་ཤས་སུ་སྤེལ་བ་ནི་རྔ་བ་ཁུལ་གྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་དང་། གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་བྱང་ཚད་མཐོར་འདེགས། སློབ་རའི་རིག་གནས་སྣང་ཚུལ་བཟང་པོ་འཛུགས་སྐྲུན། ས་གནས་ཀྱི་ཟློས་གར་མྱུར་སྐྱོབ་དང་། སྲུང་སྐྱོང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱ་རྒྱུའི་བྱ་སྤྱོད་དངོས་ཤིག་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1