མཚོ་བོད་ལྕགས་ལམ་ཀུང་སིས་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-06


        གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་4ཚེས་16ཉིན་ནས་བཟུང་མཚོ་བོད་ལྕགས་ལམ་ཀུང་སིས་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དཔེ་རིས་ཕྱོགས་ཡོངས་ནས་ལེགས་སུ་དང་ལེགས་སྒྲིག་བྱེད་རྩིས་ཡོད་པ་དང་། དེའི་ནང་ཁྲུང་ཆིང་བྱང་མ་དང་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་བོད་སྐྱོད་མེ་འཁོར་གཉིས་ལ་སྡོད་མཁན་གྱི་འགྲུལ་པ་ཟི་ལིང་བབས་ཚུགས་སུ་མེ་འཁོར་བརྗེ་དགོས་ཀྱི་ཡོད།
        མཚོ་བོད་ལྕགས་ལམ་ཀུང་སིའི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལག་བསྟར་བྱེད་ཉེར་ཡོད་པའི་མེ་འཁོར་འཁོར་སྐྱོད་ཀྱི་དཔེ་རིས་གསར་པར་ཁྲུང་ཆིང་བྱང་མ་ནས་ལྷ་ས་བར་གྱི་མེ་འཁོར་Z223/2/3དང་Z224/1/4དང་། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མེ་འཁོར་Z322/3དང་Z324/1གི་བོད་སྐྱོད་ཡུལ་སྐོར་མེ་འཁོར་གཉིས་དང་། ཁྲུང་ཆིང་བྱང་མ་ནས་ཟི་ལིང་བར་དང་། ཁྲེང་ཏུའུ་ནས་ཟི་ལིང་བར། ཟི་ལིང་ནས་ལྷ་ས་བར་བཅས་སུ་དུམ་བུ་ཕྱེ་ནས་འཁོར་སྐྱོད་བྱེད་རྩིས་ཡོད་པས། འགྲུལ་པ་ཚོ་ཟི་ལིང་བབས་ཚུགས་སུ་མེ་འཁོར་བརྗེས་ནས་ས་མཐོའི་རྣམ་པའི་གསོ་རླུང་མཁོ་འདོན་ཐུབ་པའི་བོད་སྐྱོད་མེ་འཁོར་ལ་སྡོད་དགོས་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1