བོད་ཤོག་ནི་དུས་རབས་ནས་དུས་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱས་པའི་དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 04-06


        བོད་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་རྒྱལ་གདུང་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་གཉིས་བཙུན་མོར་བསུ་དུས་ནས་སྒམ་ཆུང་མང་པོའི་ནང་ཉར་ཚགས་བྱས་ཡོད་པའི་བོད་ཤོག་སྟེང་བྲིས་པའི་འཕྲིན་ཡིག་ཡོད་པ་དང་། བོད་རྒྱལ་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། བོད་ཤོག་བཟོ་བའི་བཟོ་རྩལ་ནི་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་པ་མ་ཟད། དཔར་དུ་བཏབ་པའི་གསུང་རབ་གླེགས་བམ་ཆེན་པོའང་ཡོད་པ་བྱུང་ཞིང་། ཟླ་རེར་ད་དུང་སློབ་དཔོན་དང་། མཁན་པོ། བླ་མ་བཅས་མི་13དང་། སློབ་མ་25 སྒོམ་ཆེན་25བཅས་ལ་བོད་ཤོག་སྤྲོད་ཀྱི་ཡོད་ཅིང་། བོད་ཤོག་སྟེང་དུ་བཙན་པོས་མཛད་པའི་དོན་ཆེན་དང་ཕབ་པའི་བཀའ་རྒྱ་ཐོ་འགོད་བྱས་ནས་ཉར་ཚགས་བྱེད་ཀྱི་ཡོད་པ་རེད། ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་སུ་སྤྱོད་པའི་བོད་ཤོག་ནི་རིགས་8ཟིན་ཡོད་པ་དང་། 《འཛམ་གླིང་རྒྱ་ཕིབས་རྒྱན་གཅིག་》ཅེས་པའི་དཀར་ཆག་ཏུ་བཀོད་པར་ལྟར་ན། ཤོག་བུ་འདི་དག་ནི་བོད་ཁུལ་ས་གནས་ཁག་ནས་བཟོས་པ་ཡིན་པ་དང་། ཤོག་བུ་བཟོ་བའི་རྒྱུ་ཆ་ཡང་བོད་ཁུལ་ནས་ཐོན་པ་ཡིན་ཞིང་། ཚང་མ་དམངས་ཁྲོད་ཀྱི་བཟོ་རྩལ་ལ་བརྟེན་ནས་བཟོས་པ་རེད། དེ་ཡང་བོད་ཤོག་བཟོ་བའི་ལས་རིམ་མང་ཞིང་བཟོ་རྩལ་རྙོག་དྲ་ཆེ་བ་ཞིག་ཡོད། གོང་གི་པར་རིས་ནི་ཚོན་མདོག་སྣ་ལྔའི་བོད་ཤོག་ཡིན་པ་རེད།
ཕྱི་ཤུན་བཤུ་བ།
        རྒྱུ་ཆ་འཚོད་པ། ཕྲ་མོར་བཟོས་པའི་རྩི་ཤིང་གི་པགས་པ་སླ་ང་ནང་བཞག་པ་དང་། ཚད་རན་པའི་ཆུ་དང་བུལ་ཏོག་བླུགས་ནས་མཉམ་དུ་བཙོ་དགོས་པ་དང་། རྒྱུ་ཆ་འཚོད་པའི་བྱ་རིམ་དུ་ལྕགས་སླང་ནང་གི་ཤོག་བུའི་རྒྱུ་ཆ་མཉན་པོ་དང་སེར་པོར་མ་གྱུར་བར་དུ་འཚོད་བཞིན་དཀྲུག་བཞིན་བྱ་དགོས་ཤིང་། འཚོད་པའི་དུས་ཚད་དང་མེ་ཆེ་ཆུང་ནི་ཉམས་མྱོང་ལ་བརྟེན་དགོས་པ་རེད། 
        ཐོ་བས་རྡུང་བ། བཙོས་ཟིན་པའི་ཤོག་བུའི་རྒྱུ་ཆ་རྡོ་ལེབ་ལེབ་སྟེང་དུ་བཞག་སྟེ་ཤིང་གི་ཐོ་བས་ཐེངས་མང་གཅོག་རྡུང་ཡང་ཡང་བྱ་དགོས་པ།
        གཅོག་རྡུང་བྱེད་པ། ཤོག་བུའི་རྒྱུ་ཆ་སྐམ་པོར་མི་འགྱུར་བའི་ཆེད་དུ་གཅོག་རྡུང་བྱེད་སྐབས་རྒྱུན་མ་ཆད་པར་ཆུ་སྣོན་དགོས་པ།
        ཤོག་ཐུག་ཏུ་བརྡུངས་པ། ཤིང་སྒྲོམ་དང་སིང་རས་ལས་བཟོས་པའི་ཤོག་བཟོའི་ཡོ་བྱད་ཅིག་དྭངས་ཤིང་བཞུར་འགྲོ་བའི་རྫིང་ཆུའི་སྟེང་དུ་བཞག་ནས་ཁེམ་བུ་བེད་སྤྱད་དེ་ཤོག་ཐུག་ཤོག་བཟོའི་ཡོ་བྱེད་འདིའི་སྟེང་དུ་སྙོམས་པོ་བླུག་པ་དང་། དེ་ནས་ལག་པ་གཉིས་ཀྱིས་འཕུར་རེས་ཡང་ཡང་གཏོང་དགོས་པ།
        ཚོན་མདོག་སྒྱུར་བ། གཞོང་པའི་ནང་དུ་ཆུ་ཚད་རན་པ་ཞིག་བླུགས་པ་དང་། དེ་ནས་སྒྲིག་སྦྱོར་བྱས་པའི་ཚོན་རྫས་གཞོང་པའི་ནང་དུ་བླུག་དགོས།
         བོད་ཤོག་ཉོ་བའི་མགྲོན་པོ། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1