༄༅།། མེ་ཏོག་གི་དྲི་བསུང་འཐུལ་བའི་རི་གྲོང་།

འགྱུར་མེད་ཀྱི་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


         སི་ཁྲོན་རོང་བྲག་ནི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན། དར་དཀར་འཐེན་འདྲའི་གཙང་ཆབ་སྔོན་མོ་ལྔ་འདི་ནས་མཉམ་དུ་འདྲེས་ཡོད་པ་དང་། སི་ཁྲོན་བྱང་ཕྱོགས་ཀྱི་གྲོག་རོང་གི་རི་སྐེད་ནས་སྤྲིན་པ་དཀར་པོས་རབ་དཀར་དོ་ཤལ་འཕྱང་འདྲའི་མཛེས་འཆོས་སྤྲས། དྲག་ཏུ་རྒྱུག་བཞིན་པའི་གཙང་བོ་ཞབས་འོག་ནས་རྒྱང་རིང་དུ་བཞུར་ཞིང་། བཟོ་བཀོད་ཁྱད་པར་ཅན་གྱི་རྒྱལ་རོང་བོད་པའི་ཁྱིམ་གཞིས་དག་ནི་རི་ནགས་གཉིས་ལྡན་གྱི་ཞིང་གྲོང་དུ་སྐས་རིམ་བཞིན་ལྷུན་གྱིས་ཆགས་འདུག བསྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་སུ་འདི་ན་མི་སེར་གྱི་འཚོ་བ་འབྱོར་ཕྱུག་ལྡན་ལ། མཛེས་ལྡན་ལྷ་ཡི་ཞིང་ཁམས་ལྟ་བུ་ཡིད་འོང་ཉམས་དགའི་དཔལ་གྱིས་བརྒྱན། རྒྱལ་རོང་བོད་པ་ནི་རིག་གནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། སྐྱེ་བོ་ཐམས་ཅད་གླུ་དང་གར་ལ་དགའ་ཞིང་དུངས།

        དཔྱིད་དཔལ་བཞད་པའི་ཡུལ་གྲུ་འདི་ན། རི་གྲོང་ཀུན་ཏུ་ལིའི་མེ་ཏོག ཁམ་བུའི་མེ་ཏོག རྒྱ་ལྕང་སྔོན་མོའི་ལྕུག་ཕྲན་སོགས་ལྷུག་པར་གྲོལ་ནས་ལྷིང་འཇགས་ཀྱི་རི་གྲོང་འདི་ལ་མཛེས་ཆོས་གསར་བ་ཞིག་བསྣན་པས་མི་ཡི་ཡུལ་གྱི་དཔྱིད་དཔལ་དེ་ང་ཚོའི་མིག་གི་དགའ་སྟོན་དུ་བཤམས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1