དཀར་མཛེས་རྫོང་གི་དམངས་ཡོངས་སྡོང་འཛུགས་ནགས་བསྐྲུན་གྱི་བྱེད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-12


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི《དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བའི་སྒོར་གྱི་ཐག་གཅོད།》དོན་འཁྱོལ་དང་གཞི་རྒྱ་ཆེན་པོར་ཁུལ་ཡོངས་ལྗང་མདོག་ཅན་དུ་བསྒྱུར་བའི་དགོངས་དོན་ལག་བསྟར་བྱ་ཆེད། ཟླ་གསུམ་པ་ནས་དཀར་མཛེས་རྫོང་ཁུལ་གྱི་གནས་སོ་སོས་སྔ་རྗེས་སུ་སྡོང་འཛུགས་ནགས་བསྐྲུན་གྱི་བྱེད་སྒོ་སྤེལ་བ་རེད། 
        རྒྱུས་ལོན་བྱུང་བ་ལྟར། དཀར་མཛེས་རྫོང་གིས་སྤྱི་ཟླ་3པའི་ཚེས་20ཉིན་ནས་བཟུང་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་འགོ་བརྩམས་ཤིང་བྱེད་སྒོ་འདི་ཟླ་5བའི་ཟླ་སྨད་བར་རྒྱུན་མཐུད་བྱ་རྒྱུ་རེད། སྤྱིའི་འཆར་གཞི་ལྟར་ན་ལས་བཟོ་མི་སྣ་དང་ས་གནས་དེ་གའི་མང་ཚོགས་བཅས་མི་ཐེངས་ཁྲི་2.8འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་རྒྱུ་ཡིན་ལ། བསྡོམས་པའི་སྡོང་བོ་ཁྲི14.37འཛུགས་རྒྱུ་དང་རྒྱ་ཁྱོན་མུའུ་ཁྲི་1.2ཟིན་པ་རེད། གཞུང་ལམ་གྱི་འགྲམ་རྒྱུད་ནི་སྡོང་འཛུགས་བྱེད་ཡུལ་གཙོ་བོ་ཡིན་པ་རེད། 
        དཀར་མཛེས་རྫོང་ནགས་ལས་ཅུས་ཀྱི་ལས་བྱེད་མི་སྣའི་ངོ་སྤྲོད་བྱས་ན་ལྟར་ན། ད་ལོར་དཀར་མཛེས་རྫོང་གིས་དམངས་ཡོངས་ཟབ་ཞུགས་དང་མཉམ་བསྐྲུན་མཉམ་སྤྱོད་ཀྱི་རྩ་དོན་ལྟར་ལས་བྱེད་མི་སྣ་དང་མང་ཚོགས་ཡོངས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1