སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ལོ་ཚོགས་མཇུག་རྫོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


       

        སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2014ལོའི་ལོ་ཚོགས་ཚེས་ 12ཉིན་ཀོས་ཡང་ནས་མཇུག་རྫོགས།གླེང་སྟེགས་ལོ་ཚོགས་ཀྱི་སྐབས་སུ་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དག་ནང་དོན་གཙོ་བོའི་གླེང་སྟེགས་བཞི་བཅུ་ལྷག་ལ་ཞུགས་ཏེ།རིགས་གཞུང་མི་འདྲ་བའི་ཕྱོགས་ནས་ལྷད་མེད་དངུལ་ལོར་དང་སྐྱེ་ཁམས་དཔལ་ཡོན།སློབ་གསོ་བཅས་ནང་དོན་གཙོ་བོར་དམིགས་ནས་བརྗེ་རེས་དང་གྲོས་བསྡུར་བྱས།གླེང་སྟེགས་སྟེང་རྒྱལ་ཁབ་རིམ་པའི་ས་ཁུལ་གསར་བའི་ལྷད་མེད་འཕེལ་རྒྱས་མནའ་འབྲེལ་དང་།སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོའི་མནའ་འབྲེལ་སོགས་ལས་ཁུངས་བཙུགས་པ་ཁྱབ་བསྒྲགས་བྱས།

    གླེང་སྟེགས་ལོ་ཚོགས་སྟེང་ད་རུང་2014ལོའི་ཀོས་ཡང་ཐུན་མོང་ལྟ་བར་གྲོས་འཆམ་ བྱུང་བར་མ་ཟད།ལྷད་མེད་རྣམ་པ་བསྒྱུར་བ་དང་རྒྱུན་མཐུད་འཕེལ་རྒྱས་སྐུལ་འདེད་སྟོབས་ཤུགས་ཡིན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཡིན་པས།རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱེད་ན།ད་གཟོད་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསླེབས་ཐུབ་པར་སྙམ།  །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1