ཀོང་ཡུལ་གྱི་སྤོས་མཆོག

ངག་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-18


        མཉམ་ལས་ཁང་གི་སྤོས་ལས་སྣོན་ཁང་།
        སྤྱི་ལོ་2012ལོའི་ཟླ་6པར་བཙུགས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་སྐྱབས་རྟེན་གྲོང་ཚོ་ཀོང་པོའི་ཐོན་ལས་གསར་སྤེལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་གྲོང་ཚོ་དེའི་ཞིང་འབྲོག་མང་ཚོགས་ཐེམ་དུད་11ལས་གྲུབ་པ་ཞིག་དང་ཁྱོན་མ་འཇོག་སྒོར་ཁྲི་230ལྷག་ཙམ་བཏང་ཡོད།  མཉམ་ལས་ཁང་དེར་གཏན་འཇགས་རང་བཞིན་གྱི་ལས་མི་9 ཡོད་པ་དང་།  ལས་སྒོའི་ཁོངས་གཏོགས་ནང་མི་རིགས་ཀྱི་འཁལ་འཐག་ལས་སྣོན་དང་ཕྱིར་འཚོང་། སྤོས་དང་དྲི་ཞིམ་ཆུ།  ཞིང་ཞོར་ཐོན་རྫས་སོགས་ལས་སྣོན་དང་ཕྱིར་འཚོང་།  འབྲས་ཤིང་དང་སྡོང་ཕྲུག་འདེབས་འཛུགས།  དེ་བཞིན་ནགས་ལས་ནགས་བཟོ་སོགས་ཚུད་ཡོད།
      གཞན་ཡང་།  མཉམ་ལས་ཁང་བཙུགས་པ་ནས་བཟུང་དབུལ་སྐྱོར་རོགས་སྐྱོར་གྱི་ལས་ཀའི་ནང་ཧུར་ཐག་ཞུགས་ནས།  ད་ལོའི་གནད་འཕིགས་དབུལ་སྐྱོར་གྱི་ལས་དོན་ཁྲོད་འཇོན་ཐང་ཡོད་པ་དང་ཧུར་སེམས་ཆེ་བའི་དབུལ་ཕོངས་དུད་ཚང་ལ་སྤོས་ལས་སྣོན་གྱི་སྦྱོང་བརྡར་ནང་ཞུགས་སུ་བཅུག་སྟེ།  ལས་ཞུགས་མཁོ་འདོན་བྱས་པ་དང་དུད་ཚང་རེར་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་1000ཡན་ཟིན་ཏེ་ས་གནས་དེ་གའི་དབུལ་ཕོངས་མང་ཚོགས་ལ་ཕན་པ་མང་པོ་བསྐྲུན་པ་རེད། 
མཉམ་ལས་ཁང་དེའི་སྤོས་ཀྱི་རྒྱུ་ཆ།

ཀོང་ཡུལ་སྤོས་མཆོག་བཟོ་གྲྭའི་ཐད་འཚོང་ས་ཚིགས་ཀྱི་གཟིགས་སྐོར་ཚོམས་ཆེན།

སྤོས་སྤར་སྣོད་ཆས་མིག་ལ་མཛེས།  སྤོས་ཀྱི་དྲི་བཟང་ཕྱོགས་ཀུན་ཁྱབ།

མཉམ་ལས་ཁང་དེས་ཕྱིར་འཚོང་བྱེད་པའི་སྤོས་སྤར་སྣོད་ཆས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1