དཀར་མཛེས་རྫོང་གིས《དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་འཚོལ་སྡུད་དོ་དམ་གྱི་གནས་སྐབས་བྱེད་ཐབས།》ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20


        སྤྱི་ཟླ་4པའི་ཚེས་18ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གོམ་གང་མདུན་སྤོས་སྒོས་དཀར་མཛེས་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འཚོལ་སྡུད་ཀྱི་གོ་རིམ་ཚད་ལྡན་ཅན་དུ་བཏང་ནས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། རོང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་ཆེད། དཀར་མཛེས་རྫོང་གིས“4+2”སྒྲོག་འགྲེལ་དང་དྲུག་ལྔ་ཁྲིམས་སྒྲོག་རྩ་འཛུགས་ཚོགས་པ་དང་མཉམ་དུ་སྡེ་དམངས་ཚོགས་ཆེན་དང་ཁྱིམ་དུད་སོ་སོར་ཕྱིན་ནས་གླེང་མོལ་བྱེད་པ། གཅིག་སྡུད་སྒྲོག་འགྲེལ་སོགས་ཀྱི་ཐབས་ལམ་བརྒྱུད་དེ《དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་འཚོལ་སྡུད་དོ་དམ་གྱི་གནས་སྐབས་བྱེད་ཐབས།》ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ། དུས་ཐོག་ཏུ་མང་ཚོགས་རྣམས་ལ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་སྒྲོག་འགྲེལ་དང་མང་ཚོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་དབྱར་རྩྭ་དགུན་འབུ་རྐོ་བའི་གོ་རིམ་ཚད་ལྡན་དུ་བཏང་། 
        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་རྫོང་ཡོང་ཀྱི་ཡུལ་ཤོག་དང་གྲོང་རྡལ་22དང་སྲིད་འཛིན་སྡེ་བ་219ཡི་མང་ཚོགས་ཁྲི་3ལ་ཁེབས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1