ལི་ཐང་རྫོང་དང་ཕྱག་ཕྲེང་རྫོང་གིས་མཉམ་འབྲེལ་སྒོས་བོད་ཕག་གསོ་སྤེལ་གྱི་ཟབ་སྦྱོང་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


        ཉེ་ལམ། ལི་ཐང་རྫོང་དང་ཕྱག་ཕྲེང་རྫོང་གིས་མཉམ་འབྲེལ་སྒོས་བོད་ཕག་གསོ་སྤེལ་གྱི་ཟབ་སྦྱོང་སྤེལ།
        ན་ནིང་ལོ་སྨད་དུ་ལི་ཐང་རྫོང་དེ་དབང་ཡུལ་ཤོག་གིས་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་སྤེལ་བའི་གོ་རིམ་ཁྲོད་ས་གནས་རང་གི་ཁྱད་ཆོས་ལ་གཞིགས་ཏེ་བོད་ཕག་གསོ་སྤེལ་གྱི་རྟེན་གཞི་བཙུགས། བོད་ཕག་180འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་སྙོམ་སྒྲིག་འོས་མཐུན་མིན་པའི་གནད་དོན་ལ་བསམ་བློ་བཏང་ནས་ལི་ཐང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕྱག་ཕྲེང་རྫོང་དང་མཉམ་འབྲེལ་གྱིས་ཟབ་སྦྱོང་བྱ་རྒྱུར་གྲོས་ཐག་བཅད། 
        ཉེ་ལམ་ལོའོ་ཀྲུའོ་གྲོང་ཁྱེར་གྱི་ཁ་གཏད་དབུལ་སྐྱོར་ཕྱག་ཕྲེང་རྫོང་གི་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྭ་པའོ་ཡིས་ཕྱུགས་རིགས་སྨན་པའི་ལག་རྩལ་མི་སྣའི་སྣེ་ཁྲིད་དེ་དེ་དབང་ཡུལ་ཤོག་གི་བོད་ཕག་གསོ་སྤེལ་རྟེན་གཞིར་ཕྱིན་ནས་སྒྲིག་གཞི་ལེགས་སྒྱུར་དང་གཟན་ཆས་དོ་དམ་དང་འབྲེལ་བའི་ཟབ་སྦྱོར་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1