དཀར་མཛེས་ཁུལ་གྱི་རིམ་པ་ཁག་གིས་4.26རྒྱུ་ལའི་གངས་འགོག་ལས་ཀ་མཉམ་དུ་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


        2017ལོའི་ཟླ་4པའི་ཚེས་24ཉིན་ནས་དར་མདོ་ལ་ཁ་བ་ཆེན་པོ་བབས་པ་དང་།  ཁྱད་པར་དུ་སྤྱི་ཟླ་4པའི་ཚེས་26གི་དགོང་མོ་ལ་ཁ་བ་ཆེན་པོ་བབས་ཏེ།  རྒྱལ་ལམ་318ཀྱི་རྒྱུ་ལའི་ལམ་རྒྱུད་གངས་ཀྱིས་འགག་པ་དང་།  རླངས་འཁོར་དང་མི་མང་པོ་རི་མགོར་ལུས་ནས་ལམ་འགྲོ་བའི་འགྲོ་འོང་ལ་བར་ཆད་ཆེན་པོ་བཟོས།  དེར་བརྒྱུད་པའི་ཡུལ་སྐོར་བ་དང་ཉེ་འཁོར་གྱི་ཞིང་འབྲོག་མི་དམངས་ཀྱི་བདེ་ཐང་འགན་སྲུང་ཆེན་དུ།  ཁུལ་དང་རྫོང་(གྲོང་ཁྱེར)གི་འགོ་ཁྲིད་ཀྱིས་མཐོང་ཆེན་མཛད་དེ།  འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་མགྱོགས་མྱུར་ངང་རོགས་སྐྱོར་དང་ལམ་གཤོང་བའི་ཞབས་ཞུའི་ལས་ཀའི་འགོ་བརྩམས།  

        དར་མདོ་གྲོང་ཁྱེར་གྱིས་ལས་བྱེད་པ་དང་ཉེན་རྟོག་པ་100ལ་ཉེ་བ་ཙམ་རྩ་འཛུགས་བྱས་ནས།  རྒྱུ་ལའི་ལམ་རྒྱུད་དུ་འགག་པའི་རླངས་འཁོར་ཕྱི་བཏང་དང་མི་རྣམས་ཉེན་ཁ་ལས་ཐར་བར་བྱས་པར་མ་ཟད།  གོ་རིམ་ལྡན་པར་རླངས་འཁོར་ཤར་གཏོང་བྱེད་པར་སྒྲིག་འཛུགས་བྱས།  རྒྱུ་ལའི་སྣེ་ལེན་ལྟེ་གནས་སུ་ཡུལ་སྐོར་བའི་གནས་སྡོད་ས་ཚུགས་བཙུགས་པ་དང་རི་འདབས་སུ་འགྲོ་བའི་ཡུལ་སྐོར་བ་ལ་རིན་མེད་ངང་ཟས་རིགས་དང་ལྭ་བ།  སྤྱི་སྐྱོད་རླངས་འཁོར་སོགས་ཀྱི་མཐུན་རྐྱེན་བསྐྲུན་ནས།  ཡུལ་སྐོར་བའི་བདེ་ཐང་ལ་འགན་སྲུང་བྱས།  

        དཀར་མཛེས་ཁུལ་གཞུང་ལམ་ཅུས་ཀྱིས་ཁ་བ་གཙང་ཕྱགས་ཀྱི་ཇུས་གཞི་གཏན་ཁེལ་བྱས་ཏེ། མི་སྣ་དང་འཕྲུལ་ཆས་སྒྲིག་འཛུགས་བྱས་ནས་ལས་གཞིའི་འགོ་བརྩམས།  དཀར་མཛེས་ཁུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱིས་ཆེད་དུ་གནམ་གཤིས་ཀྱི་ཆ་འཕྲིན་ཐེངས་གསུམ་ལ་ཁྱབ་བསྒྲགས་བྱས།

        མིག་སྔར།   དེ་གར་ལུས་པའི་རླངས་འཁོར་དང་མི་རྣམས་གོ་རིམ་ལྡན་པའི་ངང་སྐྱེལ་བ་དང་།  ཡུལ་སྐོར་བ་ལ་ཉེན་ཁ་མེད་པ་རེད།  འགྲིམ་འགྲུལ་གྱི་བཀག་འགོག་མྱུར་དུ་སེལ་ནས་རླངས་འཁོར་ཤར་གཏོང་བྱ་ཐུབ་རྒྱུ་རེད།  གལ་ཏེ་དེར་བརྒྱུད་པའི་རླངས་འཁོར་དང་ཡུལ་སྐོར་བ་ལ་རོགས་རམ་བྱ་དགོས་ན་ཁ་པར་འདི་གཏང་རོགས། 0836—2876778
   (ཐང་ཧོན་གྱིས་པར་བླངས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1