ལི་ཐང་ནས་ཁྲེན་ཏུའུ་བར་གྱི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-05


        སྤྱི་ཟླ་5པའི་ཚེས་4ཉིན། ཁྲེན་ཏུའུ་ནས་ལི་ཐང་དུ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་དེ་ཁྲེན་ཏུའུ་འགྲུལ་སྐྱེལ་འབབ་ཚུགས་ནས་བསྐྱོད་འགོ་ཚུགས་ལ། ད་ནས་བཟུང་ལི་ཐང་ནས་ཁྲེན་ཏུའུ་བར་གྱི་ཉིན་རེའི་འགྲུལ་སྐྱེལ་རླངས་འཁོར་ཡོད་པར་གྱུར།
        རྒྱ་ཆེ་བའི་ལི་ཐང་རྫོང་གི་མང་ཚོགས་ཀྱིས་ཕྱི་སྐྱོད་སྟབས་བདེ་དང་བདེ་འཇགས་འགན་སྲུང་བྱ་ཆེད་དང་ཡུལ་སྐོར་བ་རྣམས་ཀྱིས་མཁོ་འདོད་སྐོང་བའི་ཆེད་དུ། ལི་ཐང་རྫོང་ཨུ་སྲིད་གཞུང་དང་རྫོང་སྐྱེལ་འདྲེན་དོ་དམ་ཁང་གིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཁྲོན་བོད་སྐྱེལ་འདྲེན་ལས་རིགས་འགན་ཁྲིད་ཚད་ཡོད་སྤྱི་གཉེར་ཁང་གསར་པའི་ཡན་ལག་སྤྱི་གཉེར་ཁང་ཨང་བཞི་པའི་ལི་ཐང་ས་ཚིགས་ཀྱིས་སྤྱི་ཟླ་5པའི་ཚེས་4ཉིན་ལ་ཁྲེན་ཏུའུ་ནས་ལི་ཐང་བར་གྱི་ལམ་ཐིག་ཤར་གཏོང་བྱས། རྗེས་སུ་ཉིན་ལྟར་(ཁྲེན་ཏུའུ་ནས་ལི་ཐང་བར་སྔ་དྲོའི་ཆུ་ཚོད་7:00 ལི་ཐང་ནས་ཁྲེན་ཏུའུ། སྔོ་དྲོའི་ཆུ་ཚོད་6:20)ཉིན་རེར་ཐེངས་གཅིག་གཏན་ཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1