ལོ་སྟོད་དུ་ཁང་རྙིང་ཁུལ་གྱི་གྲོང་མི་ས་ཡ་གཉིས་ལྷག་ལ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་དངུལ་བུན་རག་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


           རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཚེས་14ཉིན་གྲངས་གཞི་ཡོངས་བསྒྲགས་བྱས་ ནས།2014ལོ་སྟོད་དུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་དངུལ་བུན་སྒོར་དུང་ཕྱུར་6760གསར་དུ་ཁ་སྣོན་བརྒྱབ་པས།ན་ནིང་དུས་མཚུངས་ཀྱི་ལྡབ་18ཡིན་པ་རེད།སྒོར་དུང་ཕྱུར་2195གཤམ་སྤྲོད་བྱས་ནས།ཁང་རྙིང་ཁུལ་གྱི་གྲོང་མིའི་ཐེམ་དུད་ས་ཡ་གཉིས་དང་ཆིག་འབུམ་གསུམ་ཁྲིར་ཕན་པ་བསྐྲུན་ཡོད།
          རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ཀྲེན་ཀྲེ་ཅེ་ཡིས།ལོ་སྟོད་དུ་རྒྱལ་ཁབ་ གསར་སྤེལ་དངུལ་ཁང་གིས་གཙོ་གནད་ཁྱབ་ཁོངས་ལ་ཞབས་ཞུ་སྒྲུབ་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་སྟེ།ལྕགས་ལམ་གྱི་དངུལ་བུན་སྒོར་དུང་ཕྱུར་613དང་རྣམ་པ་གསར་པའི་གྲོང་བརྡལ་ཅན་གྱི་ཁྱབ་ཁོངས་དངུལ་བུན་སྒོར་དུང་ཕྱུར་6832གཤམ་སྤྲོད་བྱས་པས།དབུས་ནུབ་རྒྱུད་དང་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པར་དངུལ་བུན་གྱིས་བརྒྱ་ཆ་63དང་གྲངས་ཆུང་7ཟིན་པ།ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་ཐད་དངུལ་བུན་སྒོར་དུང་ཕྱུར་1009དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་དངུལ་བུམ་སྒོར་དུང་ཕྱུར་973བཏང་བ།རིག་གནས་དངུལ་བུན་སྒོར་དུང་ཕྱུར་218བཏང་བ།ཞིང་ཕན་དངུལ་བུན་སྒོར་དུང་ཕྱུར་133བཏང་བ།ཆུ་བདེ་འཛུགས་སྐྲུན་ཐད་དངུལ་བུན་སྒོར་དུང་ཕྱུར་500བཏང་བ།དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་1199བཏང་བ།རྒན་གསོའི་ཐད་དངུལ་བུན་སྒོར་དུང་ཕྱུར་3དང་བྱེ་བ་2དང་ས་ཡ་3བཅས་གཤམ་སྤྲོད་བྱས་ཡོད་ཅེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1