ཉག་ཆུ་རྫོང་གིས་པད་ཁ་འདེབས་འཛུགས་ཀྱི་ལག་རྩལ་གསོ་སྐྱོང་བྱས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-11


        ཉེ་ཆར། ཉག་ཆུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཞིང་ལས་ལག་རྩལ་ས་ཚིགས་དང་ཞིང་འཕྲུལ་དོ་དམ་ས་ཚིགས་ཀྱི་ལག་རྩལ་པ་གྲོང་གསུམ་ཡུལ་ཤོག་གི་པད་ཁ་འདེབས་འཛུགས་ཀྱི་ཞིབ་རྟོགས་ས་ཚིགས་སུ་ཕྱིན་ཏེ། མང་ཚོགས་ལ་པད་ཁ་འདེབས་འཛུགས་ཀྱི་ལག་རྩལ་གསོ་སྐྱོང་བྱས།  ལག་རྩལ་པས་མང་ཚོགས་ལ་ཕུར་འདེབས་དང་འཕྲུལ་འདེབས་སོགས་འདེབས་འཛུགས་བྱེད་སྟངས་མི་འདྲ་བ་དང་པད་ཁའི་ས་བོན་མི་འདྲ་བ་རིགས་8འདེབས་འཛུགས་བྱེད་སྟངས་ཐད་ཀྱི་ལག་རྩལ་དང་ཤེས་བྱ་ཁྲིད་སྟོན་བྱས་པ་དང་།  དེ་མིན་ཞིང་ས་དོ་དམ་བྱེད་སྟངས་དང་པད་ཁ་འདེབས་འཛུགས་སྐོར་གྱི་ལག་རྩལ་གཙོ་བོ་བཟུང་སྟེ་གསོ་སྐྱོང་བྱས། ཐེངས་འདིའི་གསོ་སྐྱོང་བརྒྱུད་རྫོང་དེ་གའི་ས་བབ་མཐོ་པའི་ས་ཁུལ་རུ་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཀྱི་བསམ་བློ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ཐད་ལ་ལག་རྩལ་གྱི་གཞི་འཛིན་ས་ཡོད་པར་གྱུར་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1