བོད་ལྗོངས་ཡངས་པ་ཅན་རྒྱལ་སྤྱིའི་སྒར་ས་ཆེན་མོའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སང་ཕོད་སྤྱོད་འགོ་ཚུགས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 05-15


སྔོ་ལྗང་ཅན་དུ་བསྒྱུར་རྩིས་ཡོད་པའི་གཟིགས་སྐོར་ལམ།
        ཉེ་དུས།  ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུལ་སྐྱོར་གཞུང་ལས་ཁང་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་ཡངས་པ་ཅན་རྒྱལ་སྤྱིའི་སྒར་ས་ཆེན་མོའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གི་དུས་མཚམས་དང་པོའི་ལས་གྲྭར་སྔོན་དཔག་བྱས་ན་སྤྱི་ལོ་2017ལོའི་ཟླ་6པར་བསྐྲུན་ཐུབ་པ་བྱུང་ནས་ལས་གཉེར་འགོ་ཚུགས་རྒྱུ་དང་།  སྐབས་དེ་དུས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་400 ལྷག་གི་ལས་ཞུགས་ཐག་གཅོད་ཐུབ་རྒྱུ་རེད།

 ཡངས་པ་ཅན་ཆུ་ཚན་ཆུ་རྐྱལ་ཁང་།

སྐྲུན་ཟིན་པའི་མི་བཟོས་མཚེའུ།
        ཤེས་རྟོགས་བྱས་པར་གཞིགས་ན།  དེ་ནི་ཚོང་འགུག་མ་འཇོག་བོད་དུ་འདྲེན་པར་བརྒྱུད་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཞིག་ཡིན་པ་དང་།  ས་ཆ་ལ་ཁྱོན་མུའུ་800 ལྷག་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ་ཁྲི་40དང་།  ཁྱོན་མ་འཇོག་སྒོར་དུང་ཕྱུར་5.5 བཏང་ཡོད།  འཆར་གཞི་ལྟར་ན་ལས་གྲྭ་དེ་དུས་ཁག་གཉིས་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་དང་།  འཛུགས་སྐྲུན་ནང་མགྲོན་ཁང་དང་།  ཆུ་ཚན་ཁྲུས་ཁང་།  གསོ་རླུང་ཁང་།  འཁྲབ་སྟོན་ཐང་ཆེན།  ཁྲོམ་གཞུང་སྲང་ལམ་སོགས་ཚུད་ཡོད།  འཛུགས་སྐྲུན་ལེགས་པར་གྲུབ་རྗེས་གཟིགས་སྐོར་དང་སྤྲོ་འཆམ།  རོལ་རྩེད།  སྤྲོ་གསེང་བཅས་གཞི་གཅིག་ཏུ་དྲིལ་བའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཆེན་མོ་ཞིག་ཡིན་པ་རེད།། 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1