རྔ་བ་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་སྡེ་བ་གཉིས་མི་འགྱངས་པར་རྒྱལ་ཡོངས་གྲངས་ཀའི་འགྲེམ་སྟོན་ལ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-16


        རྔ་བ་ཁུལ་གྱི་ལི་རྫོང་ཐའོ་ཕེང་ཡུལ་ཤོག་གི་ཐའོ་ཕེང་སྡེ་བ་དང་འབར་ཁམས་གྲོང་ཁྱེར་མཆོག་རྩེ་གྲོང་རྡལ་གྱི་སའི་སོ་སྡེ་བ་གཉིས་ཁག་དང་པོའི་ཕུལ་བྱུང་སྲོལ་རྒྱུན་སྡེ་བར་བདམས་ཐོན་བྱུང་ནས་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གྲངས་འཛིན་བཤམས་སྟོན་ཁང་དུ་ཚུད་པ་རེད། 
        མིག་སྔར་སྡེ་བ་གཉིས་ཀྱིས་འབྲེལ་ཡོད་ཡིག་ཆ་སྟ་གོན་བྱེད་བཞིན་ཡོད་ལ། རྗེས་མར་རྔ་བ་ཁུལ་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་གྲངས་ཀའི་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། འདི་ལས་བོད་ཆའང་གི་ངོ་མཚར་བའི་བཟོ་བཀོད་ཁྱད་ཆོས་དང་གཏིང་ཟབ་བའི་སྲོལ་རྒྱུན་རིག་གནས་མངོན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1