སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཟླ་འདིའི་ཚེས་24ཉིན་ནས་27ཉིན་བར་འཚོགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22



        སྤྱི་ཟླ་ལྔ་པའི་ཚེས་20ཉིན་ནས་ཚེས་21ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁྲེན་ཏུའུ་ནས་འཚོགས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་73དང་། ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་15ཡོད་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་རྣམས་ཟུར་ཞུགས་བྱས།
        ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་ཐོག་ཏུ་གསུངས་བཤད་གལ་ཆེན་གནང་།
        ཚང་འཛོམས་གྲོས་ཚོགས་ཐོག་ཏུ་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བྱ་བའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། སྙན་ཞུ་དེ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་ཏུ་གྲོས་ཞིབ་བྱ་རྒྱུར་དབུལ་རྒྱུར་ཐག་བཅད།
        ཚང་འཛོམས་གྲོས་ཚོགས་སྟེང་འདེམས་ཤོག་འཕངས་ཏེ་སི་ཁྲོན་ཞིང་ཆེན་གྱི་ཏང་གི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཞུགས་པའི་བདམས་བྱའི་འོས་མིའི་གྲ་སྒྲིག་མི་སྣའི་མིང་ཐོ་གཏན་ཁེལ་བྱས་པ་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བདམས་བྱའི་འོས་མིའི་གྲ་སྒྲིག་མི་སྣའི་མིང་ཐོ་ལ་གྲོས་མོལ་བྱས་པར་མ་ཟད། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལ་སྤྲོད་རྒྱུའི་འབྲེལ་ཡོད་ཀྱི་དོན་ཚན་ཁག་ལ་གྲོས་ཞིབ་བྱས།
        ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་2017ལོའི་ཟླ་5པའི་ཚེས་24ཉིན་ནས་ཚེས་27ཉིན་བར་ཁྲེན་ཏུའུ་ནས་འཚོགས་རྒྱུར་གཏན་འབེབས་བྱས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1