བོད་ཆའང་དབྱིས་གསུམ་གྱི་སྙན་དབྱངས་ཀུན་འདུས་ཞེས་པའི་གསར་རྩོམ་དངོས་སྦྱོང་རྟེན་གཞི་འབར་ཁམས་སུ་བཙུགས་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22


        ཉེ་ཆར།  འབར་ཁམས་ནི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྦྱོང་རྣམ་གྲངས་ཏེ་བོད་ཆའང་དབྱིས་གསུམ་གྱི་སྙན་དབྱངས་ཀུན་འདུས་ཞེས་པའི་གསར་རྩོམ་དངོས་སྦྱོང་རྟེན་གཞིར་གཏན་འཁེལ་བྱས་པ་དང་།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་མུའུ་ལན་གྱིས་སྒྱུ་རྩལ་སློབ་གླིང་གི་ཚབ་གནང་ནས་འབར་ཁམས་ཀྱི་མཛད་སྒོ་ལ་ཞུགས་པ་མ་ཟད།  རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་2016ལོའི་ཤེས་ལྡན་པ་གསོ་སྦྱོང་རྣམ་གྲངས་ཏེ་བོད་ཆའང་དབྱིས་གསུམ་གྱི་སྙན་དབྱངས་ཀུན་འདུས་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་དངོས་སྦྱོང་ཞེས་པའི་གསོ་སྦྱོང་འཛིན་གྲྭ་ཁྲིད་ནས་འབར་ཁམས་སུ་དམངས་གཞས་འཚོལ་བསྡུ་བྱེད་དུ་ཕྱིན།   

        ཐེངས་འདིའི་དམངས་གཞས་འཚོལ་བསྡུའི་བྱ་འགུལ་ཉིན་8ལ་སྤེལ་ཞིང་།  སྒྱུ་རྩལ་པ་དག་གིས་འབར་ཁམས་ཀྱི་རྒྱལ་རོང་རིག་གནས་དང་སྒྱུ་རྩལ་སོགས་ལ་སྔོག་འདོན་གཏིང་ཟབ་གནང་ནས་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་དུ་མ་གསར་རྩོམ་མཛད།  

        རྒྱུས་ལོན་བྱས་པ་ལྟར་ན།   རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་བོད་ཆའང་དབྱིས་གསུམ་གྱི་སྙན་དབྱངས་ཀུན་འདུས་ཞེས་པའི་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་དངོས་སྦྱོང་གི་དམིགས་ཡུལ་ནི།  བོད་ཆའང་དབྱིས་གསུམ་གྱི་སྙན་དབྱངས་ཀུན་འདུས་ཞེས་པའི་མི་རིགས་ཀྱི་གླུ་དབྱངས་སྒྱུ་རྩལ་ལ་དགའ་ཞེན་ཡོད་མཁན་གསོ་སྐྱོང་དང་། ཆེད་ལས་ཀྱི་རྨང་གཞི་ངེས་ཅན་ལྡན་ཞིང་བོད་ཆའང་དབྱིས་གསུམ་གྱི་མི་རིགས་གླུ་གཞས་ལ་ཞིབ་འཇུག་གཏིང་ཟབ་གནང་བའི་རོལ་དབྱངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱ་རྒྱུ་དེ་ཡིན། 
        ཐེངས་འདིའི་དངོས་སྦྱོང་རྟེན་གཞི་འབར་ཁམས་སུ་བཙུགས་པ་དེས་རྒྱལ་རོང་རིག་གནས་ཀྱི་ཡུལ་སྐོར་སྤུས་རྟགས་རྒྱ་བསྐྱེད་གཏང་བར་དོན་སྙིང་གལ་ཆེན་ལྡན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1