ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་དངུལ་སྒོར་དུང་ཕྱུར་30གཏོང་སྤྲོད་བྱས་ནས་བྱང་ཁོ་རེ་ཡའི་ཞིང་འབྲོག་ཐོན་ལས་ཐད་ལ་སྤྱོད་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-17


       ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་གཅིག་གྱུར་པུའི་འགན་འཁུར་མི་སྣས་སྤྱི་ཚེས་15ཉིན་ཟུར་གསལ་བྱས་ནས་ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་ལྷོ་བྱང་ཁོ་རེ་ཡའི་མཉམ་ལས་ཐེབས་རྩའི་ནང་ནས་ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་30གཏོང་སྤྲོད་བྱས་ནས་དམངས་ཁྲོད་ཚོགས་པ་བརྒྱུད་དེ་བྱང་ཁོ་རེ་ཡར་རོགས་སྐྱོབ་མཁོ་འདོན་བྱེད་རྒྱུའི་གཏན་འབེབས་བྱས།
       འགན་འཁུར་མི་སྣ་འདིས་ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་དེ་སྔ་བྱང་ཁོ་རེ་ཡའི་གྲོང་མིར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཁོ་འདོན་བྱེད་རྒྱུའི་ཁས་ལེན་བྱས་པ་མ་ཟད་ལྷོ་བྱང་ཁོ་རེ་ཡའི་བར་ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ནང་ཞུགས་རྒྱུ་དང་། མ་དངུལ་འདི་བྱང་ཁོ་རེ་ཡའི་ཞིང་ལས་དང་ཕྱུགས་ལས་ཐོན་རྫས། འཕྲོད་བསྟེན་སྨན་བཅོས་སོགས་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ལ་སྤྱོད་དགོས་པ་རེད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1