ཝུན་ཁྲོན་རྫོང་གི་སེའུ་དམར་པོའི་དུས་ཆེན།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 06-05


        སྤྱི་ཟླ་6པའི་ཚེས་3ཉིན། ཞིང་ཆེན་སྤྲོ་གསེང་ཞིང་ལས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་པ་དང་ཏའ་ཡུས་གཞིས་ཀས་འགན་སྒྲུབ་གནང་པའི་2017ལོའི་ཝུན་ཁྲོན་རྫོང་གི་སེའུ་དམར་པོའི་དུས་ཆེན་དེ་ཝུན་ཁྲོན་རྫོང་ཏའ་ཡུས་གཞིས་ཀར་གཟབ་རྒྱས་ངང་སྤེལ་འགོ་ཚུགས། བྱེད་སྒོས་སེའུ་དམར་པོ་བརྗོད་དོན་དུ་བཟུང་ནས། རིག་གནས་དང་ཡུལ་སྐོར། དེ་མིན་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་མཉམ་འདྲེས་བྱས་ཏེ། ཡུལ་སྐོར་བ་རྣམས་ལ་བདེ་ཐང་ཝུན་ཁྲོན། ཆའང་རིགས་བདུད་རྩི། སྐྱེ་ཁམས་ལུས་སྦྱོང་། འགུལ་སྐྱོད་ཁམས་གསོ་སོགས་ཝུན་ཁྲོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས། 

        སྔ་དྲོའི་དུས་ཚོད་9དང་ཕྱེད་ཀའི་སྟེང་ཆའང་རིགས་ཀྱི་སྲོལ་རྒྱུན་གླུ་གཞས《གྲོགས་པོ་ཁྱེད་རང་རྒྱང་ནས་ཕེབས་ཡོང་།》ཞེས་པའི་གླུ་གཞས་ཀྱི་ཁྲོད་ནས་བྱེད་སྒོ་དངོས་སུ་འགོ་བརྩམས་ཤིང་། དེའི་འཕྲོར། ཝུན་ཁྲོན་རྫོང་དང་སི་ཁྲོན་ཞིང་ཆེན་གྱི་ཞིང་ལས་ཚན་རིག་ཁང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད། 

        མཛད་སྒོ་མཇུག་སྒྲིལ་རྗེས། ཝུན་ཁྲོན་རྫོང་གི་མང་ཚོགས་རྣམས་ཀྱིས་ད་དུང་ས་གནས་དེ་གའི་ཁྱད་ལྡན་གྱི་ལེ་ཚན་སོགས་འགྲེམས་སྟོན་བྱས་ཤིང་། ཝུན་ཁྲོན་སེའུ་དམར་པོའི་ཐོན་ལས་འཕེལ་རྒྱས་གྲོས་ཚོགས་ཚོགས་འདུའི་ཐོག་འབྲེལ་ཡོད་ཀྱི་ཆེད་མཁས་པ་མང་པོ་བཀོད་སྒྲིག་བྱས་ཏེ། སེའུ་དམར་པོའི་ས་བོན་ལེགས་བཅོས་དང་ཚན་རྩལ་ལེགས་བཅོས། ཐབས་ལམ་རྒྱ་སྐྱེད། ཐོན་རྫས་ཐུམ་སྒྲིལ་དང་ཐོན་རྫས་ཁྱབ་གདལ་སོགས་སེའུ་དམར་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ལ་གྲོས་གླེང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1