སྲོལ་རྒྱུན་མི་རིགས་བཟོ་ལས་ལ་བརྟེན་ནས་དབུལ་ཕོངས་དུད་ཚང་ཕྱུག་འགྱུར་ལམ་བུར་སྣེ་འཁྲིད་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 06-29


        ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མུའུ་ཤའི་སྲོལ་རྒྱུན་སྒྱུ་རྩལ་དངོས་ཟོག་ལས་སྣོན་ཚད་ཡོད་ཀུང་སི་ནི་སྤྱི་ལོ་2002ལོའི་ཟླ8པར་བཙུགས་པ་དང་།  བཟོ་གྲྭ་དེ་ནི་མི་རིགས་གྱོན་གོས་དང་སྲོལ་རྒྱུན་གྱི་བོད་བཟོའི་སྒྱུ་རྩལ་ཚོང་ཟོག  མི་རིགས་གྱོན་ཆས་བཅས་ལས་སྣོན་དང་ཚོང་གཉེར་གཞི་གཅིག་ཏུ་སྒྲིལ་བའི་དམངས་གཉེར་ཁེ་ལས་ཤིག་ཡིན།  ཤེས་རྟོགས་བྱས་པར་གཞིགས་ན།  ཀུང་སི་དེས་སྤྱི་ལོ་2016ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་520ལྷག་ཙམ་མངོན་འགྱུར་ཐུབ་པ་རེད།  ཐོན་ལས་རྒྱ་སྐྱེད་དང་སྤུད་ཚད་མཐོ་རུ་བཏང་ཆེད་གསར་སྐྲུན་བཟོ་གྲྭ་སྨིད་གྲུ་བཞི་མ་1200འཆར་འགོད་བྱས་པ་མ་ཟད་འབྲེལ་ཡོད་སྒྲིག་ཆས་ཀྱང་ཉོ་སྒྲུབ་བྱས་ཡོད།  བཟོ་གྲྭ་དེ་སྐྲུན་རྗེས་དབུལ་ཕོང་དུད་ཚང་གི་ལས་ཞུགས་ལས་གནས་92ཐག་གཅོད་བྱས་ནས་རིམ་བཞིན་ལྟེ་བ་ཅན་གྱི་དམངས་གཉེར་ཁེ་ལས་ཞིག་བར་འཕེལ་རྒྱས་གཏང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1