ལ་ཁར་ལ་རྩེ་གསོལ་དུས་ཀྱི་འབོད་ཚིག

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྡུས། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-17



 
བསྭོ། བསྭོ། གཡས་ཀྱི་སྟག་ལ་ཁྲ་མོ་བསྭོ།  གཡོན་གྱི་གཟིག་ལ་ཁྲ་མོ་བསྭོ།  བར་གྱི་ལ་རྩེ་ཁྲ་མོ་བསྭོ།  བརྒྱ་ཕར་འགྲོ་ནང་གི་སྔོན་མ་ཡིན།  སྟོང་ཚུར་འོང་ནང་གི་རྗེས་མ་ཡིན།  ལ་ཁར་སླེབས་དུས་དགྲ་དང་བྱེ།  དགྲ་ཁ་པར་བུ་བཞིན་དུ་རྒྱོབས།  ལུང་ནང་སླེབས་དུས་གྲོགས་དང་འཕྲད།  གྲོགས་ཁ་སྟག་མོ་བཞིན་དུ་ཕྱེས། མི་ཕོ་འདྲ་གཉིས་གཤིབ་ན།  རྨོག་དཀར་གང་གིས་མཐོ།  རྟ་ཕོ་འདྲ་གཉིས་གཤིབ་ན། སྲབ་མདའ་གང་གིས་མགྱོགས།  ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་སོགས་ཟེར་ནས་འབོད་པ་བྱེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1