༄༅།། དཔྱིད་ཀ

སངས་རྒྱས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-08


སངས་རྒྱས་རྒྱལ། དཀོན་རྡོས་པར་བླངས།




དཔྱིད་ཀ་བསླེབས་རྗེས།
ནམ་མཁའི་སྤྲིན་དང་ས་ཡི་རྡུལ་རྣམས་འགྱུར་སོང་།
གོས་ཆེན་གྱི་རི་མོའི་གཞུང་དུ།
གྲགས་ཟིན་པ་ནི་འོད་ཀྱི་ཐིག་པའོ།
ཉི་འོད་ཀྱི་ལག་པ་བསྲིངས་ཏེ་སྤྲིན་དཀར་གྱི་ཡོལ་བ་ཕྱེས་སོང་།
དམ་དྲགས་པའི་ཉི་འོད་ཀྱིས་ས་རྡུལ་གྱི་གྲིབ་མ་དང་།
ས་སྲོད་ཀྱི་གྲིབ་མ་ཁྱེར་ནས་བུད་སོང་།
ཡིག་འབྲུ་འགའ་ཞིག་གི་ངོས་ཀྱི་ཆང་མ་སེར་པོ།
རྫོགས་ཚིག་དང་གྱེས་བྲལ་འབྲི་གཞིན་པའི་གཞོན་ནུ་ཚོམས་ཤིག
དཔྱིད་ཉམས་ཀྱིས་རྒྱན་པའི་རྩྭ་ཐང་གཞུང་དུ།
འཁྱུག་དྲགས་པ་ནི་ཕྱི་མིག་དེ་ལས་མ་འདས།
གྲིབ་མ་དང་བྲལ་བའི་བདག་གི་གཟུགས་ཕུང་ནི།
སྔར་བཞིན་རྒྱང་ཐག་གི་མཛེས་ལྗོངས་དེར་ལོག་འདོད།
སྡོད་ཁང་གྲུ་བཞི་མ།
ས་འཛིན་གྱིས་བཏེགས་པའི་མུན་པའི་འོབས་ནང་དུ།
བྲིས་ཏེ་བསྐྱུར་ཟིན་པ་ནི་ཁྱོད་རང་མ་ཡིན་པར།
ཉི་འོད་ཀྱིས་བྱུགས་ཟིན་པའི་ཆང་ཁང་ཆུང་ཆུང་དེའོ།
སྒྲུང་གཏམ་ཁྲོད་ཀྱི་མི་ལགས།
ཁྱོད་ཀྱི་གཤིས་ཀ་དང་འཚོ་བ་ང་རང་ཧད་དེ་ལུས་ཡོད།
ཁྱོད་ཀྱི་མཁའ་དབྱིངས་སུ་བྱ་རྒོད་ཀྱི་ཚང་བཅས་ཡོད་དམ།
ཉི་འོད་དང་བྲལ་བའི་གྲོང་ཁྱེར་འོབས།
འགྲིམ་འགྲུལ་གྱི་ལག་པས་ཁྱོད་ལ་ཐེར་གཏོག་བྱ་ངེས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1