༄༅།།"502"ཀྱི་སྤྱིན་ཆུ་ལག་པར་འབྱར་ན་ཇི་ལྟར་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09


1.འདག་ཁུས་བཀྲུ་དགོས། 
“502”ཀྱི་སྤྱིན་ཆུས་ལག་པ་འབྱར་ཚེ་ཤུགས་གང་ཡོད་ཀྱིས་ལག་པ་ཁ་ཕྲལ་རྒྱུ་མེད་པར་ཡི་ཙི་བླུགས་པའི་ཆུ་དྲོད་འཇམ་ནང་ལག་པ་སྦངས་དགོས་པ་དང་། དུས་ཚོད་ཡུད་ཙམ་སོང་མཚམས་ལག་པའི་མཛུབ་མོ་ག་ལེར་ཁ་ཕྲལ་ན་འགྲིག
2.སེན་མོ་འཁྲུ་བྱེད་ཀྱི་ཆུས་བཀྲུ་དགོས།
“502”ཀྱི་སྤྱིན་ཆུས་ལག་པ་ཤུགས་ཆེན་པོ་འབྱར་ཚེ་སེན་མོ་འཁྲུ་བྱེད་ཆུ་ལག་པ་འབྱར་སའི་ཐོག་བྱུགས་ནས་འབྱར་ཆུ་མ་འཐིམས་བར་དུ་བྱུག་དགོས། 
3.འཕྲུལ་སྣུམ་གྱིས་བཀྲུ་དགོས།
“502”ཀྱི་སྤྱིན་ཆུས་ལག་པ་ཤུགས་ཆེན་པོ་འབྱར་ཚེ་སེན་མོ་འཁྲུ་བྱེད་ཀྱི་ཆུ་མེད་ཚེ་འཕྲུལ་སྣུམ་གྱིས་ཚབ་བྱས་ན་འགྲིག
4.གཟུགས་པོ་འཁྲུ་བྱེད་ཀྱི་ཡི་ཙིས་བཀྲུ་དགོས། 
“502”ཀྱི་སྤྱིན་ཆུས་ལག་པ་འབྱར་ཚེ་ཆུ་དྲོད་འཇམ་ཞིག་ནང་ལག་པ་སྦངས་དགོས་པ་དང་དེ་རྗེས་གཟུགས་པོ་འཁྲུ་བྱེད་ཀྱི་ཡི་ཙིས་འཁྲུད་ན་སྤྱིན་ཆུ་གཙང་མ་དག་ཐུབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1