སེར་གླིང་མཚོ་ཡི་རྒྱ་ཁྱོན་གནམ་མཚོ་ལས་བརྒལ་ནས་རང་རྒྱལ་གྱི་ཚྭ་མཚེའུ་ཆེན་པོ་ གཉིས་པར་གྱུར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


       མཚོ་བོད་ས་མཐོའི་མཚོ་དང་མཚེའུར་ཞིབ་འཇུག་བྱེད་པའི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲང་གོའོ་ཆིང་གིས་སྤྱི་ཟླ་7་པའི་ཚེས་21ཉིན་གསར་འགོད་པར།གྲངས་གཞི་གསར་ཤོས་ལས་མངོན་པར།རང་རྒྱལ་གྱི་ཚྭ་མཚེའུ་ཆེན་པོ་གསུམ་པ་ཡིན་པའི་བོད་ལྗོངས་ཀྱི་སེར་གླིང་མཚོ་ཡི་རྒྱ་ཁྱོན་གནམ་མཚོ་ལས་བརྒལ་ཏེ་མཚོ་སྔོན་པོའི་རྗེས་ཀྱི་རང་རྒྱལ་གྱི་ཚྭ་མཚེའུ་ཆེན་པོ་གཉིས་པར་གྱུར་ཡོད་ཅེས་བརྗོད།

      མཚོ་བོད་ས་མཐོའི་ཞིབ་འཇུག་རིག་གནས་པ་དེས་མཁོ་འདོན་བྱས་པའི་གྲངས་གཞི་ལས་གསལ་བར།ཉེ་བའི་ལོ་བཅུའི་རིང་།སེར་གླིང་མཚོའི་ཆུ་ཁ་ལོ་རེར་སྨི་0.67འཕར་བ་དང་མཚོ་ངོས་ཀྱི་རྒྱ་ཁྱོན་ལོ་རེར་སྤྱི་ལེ་གྲུ་བཞི་མ་50ལྷག་ཙམ་ཆེ་རུ་འགྲོ་ཡི་ཡོད།འདི་ལོའི་སྤྱི་ཟླ་6པའི་བར།སེར་གླིང་མཚོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་2391ཟིན་པ་དང་གནམ་མཚོ་ལས་སྤྱི་ལེ་གྲུ་བཞི་མ་369ཡིས་ཆེ་བ་ཡོད་པ་རེད།
      དོན་དངོས་ཐོག་སེར་གླིང་མཚོ་ཁོ་ན་མིན་པར་དུས་མཚམས་ཤིག་རིང་མཚོ་བོད་ས་མཐོའི་མཚོ་དང་མཚེའུ་མང་པོ་ཞིག་རྒྱ་ཆེར་ཕྱིན་ཡོད།ཀྲང་གོའོ་ཆིང་གིས་ལྷག་དོན་དུ་ཉེ་བའི་ལོ་20ཡི་རིང་།མཚོ་དང་མཚེའུ་ཡི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།ཀྲུང་གོ་ཚན་རིག་ཁང་གིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ་ལས་གསལ་བར།འདས་ཟིན་པའི་ལོ་ངོ་20ཡི་རིང་།མཚོ་བོད་ས་མཐོའི་སྐམ་སའི་ནང་ཁོངས་ཀྱི་མཚོ་དང་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་6700ཆེ་རུ་ཕྱིན་པ་དང་ཆེ་རུ་འགྲོ་ཚད་བརྒྱ་ཆ་26ཟིན་ཡོད་ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1