གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་སྤྱད་དེ་ནད་གཞི་ཆེན་པོའི་འགན་བཅོལ་ཉོ་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


             རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཚེས་17ཉིན《གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་གཙོ་གནད་ལས་དོན་ཁག་གཅིག་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡོངས་བསྒྲགས་བྱས་ཏེ་གྲོང་གསེབ་ཀྱི་མཉམ་ལས་སྨན་
བཅོས་ལམ་ལུགས་གསར་པའི་མ་དངུལ་གྲབས་གསོག་ཚད་གཞི་དང་འགན་ལེན་ཆུ་ཚད་སྔར་བས་ཆེ་རུ་གཏོང་བ་དང་།ནད་གཞི་ཆེན་པོའི་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནད་གཞི་ཚབས་ཆེན་གྱི་འགན་ལེན་ལ་སྐུལ་འདེད་གཏོང་མགྱོགས་སུ་བཏང་ནས་ས་གནས་ཁག་གིས་2014ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་སྤྱད་དེ་ནད་གཞི་ཆེན་པོའི་འགན་བཅོལ་ཉོ་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་དགོས་ཞེས་བསྟན་ཡོད་པ་རེད།
           བརྡ་ཐོའི་ནང་དེ་སྔའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་ལེན་གྱི་མ་དངུལ་གྲབས་གསོག་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་བླང་བྱ་བསྐྱར་བཤད་བྱས་པ་དང་འབྲེལ་2014ལོར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མ་དངུལ་གྲབས་གསོག་ཚད་གཞི་དང་འགན་ལེན་ཆུ་ཚད་སྔར་བས་མཐོར་གཏོང་གིས་རིམ་ཁག་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་སྤྲོད་རྒྱུའི་ཁ་གསབ་ཚད་གཞི་སྒོར་320བར་མཐོ་རུ་གཏོང་རྒྱུ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་མི་རེའི་གྲོན་དངུལ་སྤྲོད་པའི་ཚད་གཞི་སྒོར་90ཙམ་ལོན་པ་བྱ་རྒྱུ་དང་།ས་གནས་ཁག་གིས་གཅིག་གྱུར་ཁ་གསབ་འཆར་འགོད་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་ནས་སྲིད་ཇུས་ཁྱབ་ཁོངས་ཀྱི་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་ཞུའི་བསྡུར་གྲངས་དེ་75%ཡན་རྒྱུན་འཁྱོངས་དང་།སྒོ་བསྟེན་སྨན་བཅོས་དང་སྨན་རིན་རྩིས་ཞུའི་བསྡུར་གྲངས་50%ཙམ་བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
          ནད་གཞི་ཆེན་པོའི་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནད་གཞི་ཚབས་ཆེན་གྱི་འགན་ལེན་ལ་སྐུལ་འདེད་གཏོང་ཆེད།བརྡ་ཐོའི་ནང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་སྤྱད་དེ་ནད་གཞི་ཆེན་པོའི་འགན་བཅོལ་ཉོ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་བྱིས་པའི་ཁྲག་སྐྲན་ནད་དང་།དུས་མཇུག་ཏུ་སླེབས་པའི་མཁལ་ནད།ནད་ཚབས་ཆེ་བའི་སྨྱོ་ནད།ཨེ་ཙེའི་ནད་ཀྱི་གོ་སྐབས་རང་བཞིན་གྱི་འགོ་ནད།གློ་སྐྲན་སོགས་ནད་རིགས་20ཡི་ནད་གཞི་ཆེན་པོའི་འགན་ལེན་ལས་དོན་སྲ་བརྟན་གཏོང་བའི་རྨང་གཞིའི་ཐོག་བྱིས་པའི་པན་པིང་ཐུང་གཅིན་ནད་དང་ཆུ་སོ་ཞག་པའི་ནད་གཉིས་ནད་གཞི་ཆེན་པོའི་འགན་ལེན་ཁྱབ་ཁོངས་སུ་འཇུག་རྒྱུ་དང་།སྤྱིར་བཏང་གི་སྨན་བཅོས་གྲོན་དངུལ་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་ཤང་གྲོང་སྨན་པའི་སྤྱིར་བཏང་སྨན་བཅོས་གྲོན་དངུལ་ཚད་གཞི་དེ་ད་ཡོད་ཀྱི་རྨང་གཞིའི་ཐོག་སྒོར་གཅིག་མཐོ་རུ་གཏོང་རྒྱུ་མ་ཟད་སྤྱིར་བཏང་གི་སྨན་བཅོས་གྲོན་དངུལ་སྒོར་ལྔ་ལས་མི་དམའ་བ་བྱས་ཏེ་གསར་སྣོན་བྱུང་བའི་ཆ་ཤས་དེ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་ནས་སྤྲོད་དགོས་ཞེས་བསྟན་ཡོད་པ་རེད།
          བརྡ་ཐོའི་ནང་ས་ཁུལ་ཁག་གིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་འགྱོགས་མདའ་དང་ཁེ་ཕན་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རིམ་དུ་ཐོག་མར་ནད་ལྟ་བ་དང་།ཕྱོགས་གཉིས་ཐད་ནས་ནད་གཞི་གཞན་ལ་ལྟ་བར་སྐྱེལ་བ།དོས་དྲག་དང་གཅོང་ནད་ལོགས་སུ་དབྱེ་ནས་བཅོས་པ།གོང་འོག་མཉམ་འགུལ་བཅས་ཀྱི་རིམ་དབྱེའི་སྨན་བཅོས་ཀྱི་རྣམ་པ་ཞིག་ཆགས་རྒྱུར་ཁྲིད་སྟོན་བྱེད་པ་དང་།གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་གྲབས་གསོག་དང་།གསོག་ཉར།བེད་སྤྱོད་སོགས་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དོ་དམ་གྱི་ལས་དོན་དེ་གཞི་རིམ་གྱི་བརྒྱུད་གཉེར་སྒྲིག་གཞི་དང་གཞི་རིམ་འཕྲོད་བསྟེན་སྒྲིག་གཞིར་དོན་འཁྱོལ་བྱེད་དགོས་པ།གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཐེབས་རྩར་འགྲོ་གྲོན་དངོས་འབྲེལ་ཚད་བརྒལ་ཡོང་བའི་སྣང་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས་པ།དེ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཆ་འཕྲིན་སྟེགས་བུ་བསྐྲུན་མགྱོགས་སུ་བཏང་སྟེ་ཆ་རྐྱེན་ཧུར་ཐག་གཏོད་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཆ་འཕྲིན་སྟེགས་བུ་དང་སྦྲེལ་མཐུད་ཐུབ་པ་བྱེད་དགོས་པ་དང་།2014ལོར་སྦྲེལ་མཐུད་བྱུང་བའི་ཞིང་ཆེན་15ཙམ་བར་རྒྱ་སྐྱེད་བྱས་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཆ་འཕྲིན་སྟེགས་བུ་གང་ལེགས་སྤྱད་དེ་ས་ཆ་གཞན་དུ་ནད་གཞི་ལྟ་བའི་སྨན་རིན་ཞིབ་བསྡུར་གྱི་ལས་དོན་སྤེལ་ཏེ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཐེབས་རྩ་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1