༄༅།། ཀུ་མུ་ད།

ལྷ་རྩེའི་ཁུ་བྱུག རྩོམ་སྒྲིག་པ།ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 11-20


        འདི་ནི་འུ་ཚོས་སྙན་ངག་ནང་གི་ཀུ་མུ་ད་ཞེས་རྟག་པར་བཤད་ཅིང་རྟག་པར་འབྲི་བའི་མཚན་མོར་བཞད་པའི་མེ་ཏོག་དེ་ཡིན་འདུག 
        རྒྱ་བལ་གྱི་ཡུལ་མི་དག་གིས་མིང་ལ་མཚན་གྱི་རྒྱལ་མོ་ཞེས་འབོད་ཀྱིན་གདའ་ལ། སྐྱེ་ཚུལ་ནི། ཤིང་ཕྲན་རིང་པོའི་རྩེ་རུ་སྨིན་པའི་མེ་ཏོག་འདབ་མ་བཞི་ཅན་ཆེ་ཆུང་ལུ་གུའི་མེ་ཏོག་ལས་ཅུང་ཆེ་ཙམ་ལས་མི་འདུག འུ་ཚོའི་བོད་ཀྱི་ཤང་དྲིལ་མེ་ཏོག་གི་དབྱིབས་དང་དྲི་བསུང་ལ་འདྲ་སེ་འདུག མདོག་ཀྱང་སེར་སྐྱ་ལས་དཀར་པོ་རེད་མི་འདུག  ། མཚན་མོར་ཁ་བཞད་པ་དང་། ཕྱོགས་ཀུན་དྲི་བསུང་གིས་ཁྱབ་ཡོང་བ་ཞིག་འདུག དྲི་བསུང་འདི་ལ་སྦྲུལ་མང་པོ་འཁོར་སྐད་འདུག དྲི་བསུང་ནི་ཤིན་ཏུ་ཞིམ་འདུག་པ་ལས། མདོག་དབྱིབས་ནི་གླེང་རན་པ་ཞིག་མི་འདུག་སྟེ། ཟླ་བས་བཞད་པའི་མེ་ཏོག་དམིགས་བསལ་ཞིག་ཡིན་པས་སྐད་གྲགས་ཆེ་བ་དེས་ཡིན་ས་རེད། 
        སྙན་ངག་ནང་ནས་སྟོན་ཀའི་ཟླ་དང་ཁ་བ་ཀུ་མུ་ད་ཞེས་དཔེ་རྒྱན་ནང་དུ་མང་བའི་དཔེ་རུ་འདྲེན་པ་དེའང་གཙོ་བོ་མདོག་གི་ཁྱད་པར་མིན་པར་བསིལ་བའི་ཆ་ནས་བཞག་པ་ཡིན་ངེས།
        མིང་གཞན་ནི།
 ཀུ་མུད་ད། ཀུ་མུ་ད། སི་ཏ། ས་དགའ། ས་མོས། ཀུན་ད། དགུན་ཐ་ཆུང་སྐྱེས། ཆུ་སྐྱེས་དཀར་པོ། སྟེང་འཐུང་དཀར་པོ། མཚན་མོ་བཞད། ཟླ་བ་དགའ། ཟླ་བའི་དྲི། ཟླ་བས་བཞད། ཟླ་མཛེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1