བོད་ཀྱི་ཕོ་བྲང་དང་པོ་ཡུམ་བུ་བརླ་མཁར་གྱི་ཉམས་བཟོ་སྲུང་སྐྱོབ་ལས་གྲྭ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 11-22


        ཉེ་དུས།  བོད་ཀྱི་ཕོ་བྲང་དང་པོ་ཡུམ་བུ་བརླ་མཁར་གྱི་ཉམས་བཟོའི་སྲུང་སྐྱོབ་ལས་གྲྭ་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་།  ངོ་སྤྲོད་བྱས་པར་གཞིགས་ན།  ཡུམ་བུ་བརླ་མཁར་གྱི་ལྕམ་ཤིང་རུལ་བ་དང་གྱང་ངོས་ཁ་ཤས་སུ་སེར་ཁ་རྒྱུག་པ།  བབས་བརྒྱབ་པ་སོགས་ལས་ཕོ་བྲང་གི་ཕྱོགས་མང་པོར་ཉེན་ཁའི་གནས་ཚུལ་ཐོན་པའི་རྐྱེན་གྱིས།  འབྲེལ་ཡོད་ཚན་པས་གནའ་ཉམས་སོར་འཇོག་གི་རྩ་དོན་གཞིར་བཟུང་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་ཉམས་བཟོ་བྱེད་འགོ་ཚུགས་ཅིང་སྔོན་དཔག་བྱས་ན་ལས་གྲྭ་དེ་སང་ལོའི་སྤྱི་ཟླ་བཞི་པའི་ནང་མཇུག་སྒྲིལ་རྒྱུ་རེད།

        ཡུམ་བུ་བརླ་མཁར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཤར་ལྷོའི་ངོས་ཀྱི་རི་བོ་བཀྲ་ཤིས་ཚེ་རིང་གི་སྟེང་དུ་ཆགས་ཡོད་པ་དང་།  ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན།  ཕོ་བྲང་དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་2པའི་ནང་སྐྲུན་པར་འཁོད་ཡོད།  སྤྱི་ལོ་1962ལོར་ཡུམ་བརླ་མཁར་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏུ་གཏན་འཁེལ་བྱས་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1