ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་འཚོགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-29


        སྤྱི་ཟླ་11པའི་ཚེས་27ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་འཚོགས་བྱས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཀྲུང་དབྱང་གིས་འགོ་ཁྲིད་གཅིག་སྡུད་དང་གཅིག་གྱུར་བྱེད་པར་ཤུགས་སྣོན་རྒྱག་པ་དང་འགན་སྲུང་བྱེད་པའི་སྐོར་གྱི་གཏན་འབེབས་འགའ་ཞེས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དང་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཞིབ་ཕྲ་ཞེས་པར་སློབ་སྦྱོང་བྱས་ཏེ། རང་རེའི་ཞིང་ཆེན་གྱིས་ལག་བསྟར་དང་དོན་འཁྱོལ་བྱ་དགོས་པའི་འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་བྱས་པ། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་ཆེས་དབུལ་པོ་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་ལས་ཀའི་སྙན་ཞུའི་གྲོས་ཚོགས་སྐོར་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་རེའི་ཞིང་ཆེན་གྱིས་ལག་བསྟར་དང་དོན་འཁྱོལ། གྲོས་གཞི་བཅས་བྱ་དགོས་པ་སོགས་ལ་ཞིབ་འཇུག་བྱས་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་རྨིན་གྱིས་གྲོས་ཚོགས་གཙོ་འགན་བཞེས་པ་རེད།
        གྲོས་ཚོགས་ཐོག རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དོན་ཚན་བཅུའི་གཏན་འབེབས་ ལག་བསྟར་དང་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་ཕྲ་ཞེས་པ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁག་ལག་བསྟར་ནན་མོ་བྱས་ནས། བློ་བརྟན་འགྱུར་མེད་གྱིས་སྤྱོད་ཚུལ་ཇེ་ལེགས་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ། ཚོགས་འདུའི་བྱེད་སྒོ་ཁུ་བསྡུ་བྱེད་པ། ཡིག་ཆ་གསུང་བཤད་ཁུ་བསྡུ་བྱེད་པ། གསར་འགྱུར་ཁྱབ་སྤེལ་ལེགས་བཅོས་གཏོང་བ། ཧུར་བརྩོན་གྲོན་ཆུང་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་པ་གཅིག་མཐུན་ཡོང་བ་དང་། མི་དམངས་དང་བྱ་བ་མཉམ་སྒྲུབ་བྱེད་པ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་པོར་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན། 
གྲོས་ཚོགས་ལས་ཀྲུང་དབྱང་གི་ཆེས་དབུལ་པོ་ས་ཁུལ་གྱི་དབུལ་བྲལ་འགགག་སྒྲོལ་ལས་ཀའི་སྙན་ཞུའི་ཚོགས་འདུའི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བསམ་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཆེས་དབུལ་པོ་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་ལས་ཀ་ལེགས་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། དགོངས་གཏུག་གི་བསམ་པ་ཇེ་དྲག་ཏུ་བཏང་ནས། ཆེས་དབུལ་ཕོངས་ས་ཁུལ་དོ་སྣང་བྱེད་པ་དང་ཆེས་དཀའ་ངལ་ཡོད་པའི་ཚོགས་སྤྱི་ལ་དོ་སྣང་བྱེད་པ། ཆེས་མཁོ་བསྟུན་གྱི་ཐག་གཅོད་བྱ་དགོས་པའི་གནད་དོན་ལ་དོ་སྣང་བྱེད་པ་བཅས་བྱས་ནས། རིག་པ་དྭངས་མོ་སྲུང་འཛིན་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་བྱས་ནས། སྔར་ལས་སྤྱོད་ཚུལ་འཕོ་བསྒྱུར་དང་། དོན་འཁྱོལ་དམ་འཛིན་བྱས་ནས། ཆེས་དབུལ་པོ་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་ལས་ཀ་གལ་ཆེན་དེ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད་པ་རེད།
        གྲོས་ཚོགས་ལས་དར་མདོའི་ཟླ་11པའི་ཚེས་22ཉིན་གྱི་ཚད་རིམ་6.3ཅན་གྱི་ས་འགུལ་གྱི་གནོད་སྐྱོན་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་ལས་ཀའི་སྙན་ཞུ་ལ་ཉན་འཇོག་གནངས་སྟེ། མུ་མཐུད་དུ་འགན་འཁྲི་དོན་འཁྱོལ་བྱས་ནས། སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བསྐྱར་འཛུགས་སྤེལ་རིམ་ཇེ་མགྱོགས་སུ་བཏང་ནས། ཁྱོན་ཡོངས་ནས་གནོད་སྐྱོན་རྗེས་ཀྱི་བསྐྱར་འཛུགས་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད་པ་རེད།
གྲོས་ཚོགས་ལས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་ཞེས་པ་ལ་གྲོས་ཞིབ་བྱས་གྲོས་འཆམ་བྱུང་ཡོད་པ་རེད། གྲོས་ཚོགས་ལལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1