༄༅།། བྲོས་བྱོལ།

གྲུ་ཆུང་། རྩོམ་སྒྲིག་པ།ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 11-30


        ཕ་རྒན་གྱིས་ལོ་བཅོ་ལྔར་སོན་པའི་བུ་མོ་ཁྱིམ་ན་མེད་པར་འཕྲིན་ཡིག་ཅིག་བཞག་ཡོད་པ་མཐོང་། 
        འཕྲིན་ཡིག་ཏུ་འདི་ལྟར་བྲིས་ཡོད་དེ།
        "སྙིང་ཉེ་བའི་ཨ་ཕ་དང་ཨ་མ་ལགས། དེ་རིང་ང་རང་ལན་ཏིས་དང་མཉམ་དུ་བྲོས་བྱོལ་བྱས་པ་ཡིན།
        ལན་ཏིས་ནི་མི་ཧ་ཅང་ཚུགས་ཀ་ཅན་ཞིག་ཡིན་ཏེ། ཁོས་ལུས་ལ་རི་མོ་སྣ་ཚོགས་བརྐོས་ཡོད། ལོ་ཞེ་གཉིས་ཏག་ཏག་ཡིན་པས་རྒས་སྣང་གཏན་ནས་མི་འདུག  ཁྱེད་གཉིས་ཀྱིས་བསམ་ན་དེ་འདྲ་རེད་དམ།
        ང་རང་ཁོ་དང་མཉམ་དུ་ནགས་ཚལ་དུ་སོང་ནས་འཚོ་བ་རོལ་རྒྱུ་ཡིན། དེ་ཡང་ངེད་གཉིས་གཅིག་པུས་མི་ཚད་དེ། ལན་ཏིས་ལ་ད་དུང་བུད་མེད་གཞན་འགའ་ཡོད། ཡིན་ན་ཡང་ངས་དེར་སྣང་དོག་གཏན་ནས་བྱེད་ཀྱི་མེད།
        ང་ཚོས་སོ་མ་ར་ཙ་བཏབ་ནས་རང་ཉིད་ཀྱིས་འཐེན་པ་ལས་གཞན་ད་དུང་གྲོགས་པོ་དག་ལ་བཙོང་རྒྱུ་ཡིན།
        ད་དུང་ང་ཚོས་ས་དེ་ནས་བྱིས་པ་མང་པོ་སྐྱེ་བསམ།
        བརྒྱུད་རིམ་འདིའི་ཁྲོད་ནས་གསོ་རིག་གི་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ལན་ཏིས་ཀྱི་ཨེ་ཙིའི་ནད་ལ་སྨན་བཅོས་བྱས་ནས་དྲག་ན་བསམ།"
        ཨ་ཕས་བཀླགས་ནས་འདིར་ཐོན་དུས། ཧོན་ཐོར་བར་གྱུར།
        ད་དུང་ཁོས་ཆེས་འོག་ཏུ་ཡང་ཚིག་གཅིག་ཡོད་པ་མཐོང་།
        "རྫོགས་མེད། ཁྱེད་ཀྱིས་རྒྱབ་ངོས་སུ་གཟིགས་རོགས།"
        རྒྱབ་ངོས་སུ་འདི་ལྟར་བྲིས་ཡོད་དེ།
        "ཨ་ཕ། ཤོག་ངོས་དེར་བཤད་པ་ཚང་མ་ངོ་མ་མིན།
        དོན་དངོས་སུ་ང་རང་ཁྱིམ་མཚེས་ཀྱི་སློབ་གྲོགས་ཚང་ན་ཡོད། བར་རྒྱུགས་ཀྱི་རྒྱུགས་ཤོག་འཐེན་སྒམ་ནང་དུ་བཞག་ཡོད། ཁྱེད་ཀྱིས་ཁ་ཕྱེས་རྗེས་མིང་དགོད་རོགས།
        ངས་འཕྲིན་ཡིག་འདི་འབྲི་དོན་ནི། འཇིག་རྟེན་དུ་རྒྱུགས་ཚད་མ་ལོན་པ་ལས་ལྷག་པའི་དོན་དག་ཡིད་སྐྱོ་བའང་ཡོད་པ་དེ་བཤད་འདོད་པ་ཡིན།
        ཁྱོད་ཀྱིས་ད་ལྟ་མྱུར་དུ་ང་ལ་ཁ་པར་བཏང་སྟེ་ང་རང་བདེ་འཇགས་ཀྱིས་ཁྱིམ་ལ་ལོག་ཆོག་ཅེས་བཤད་ངེས།"
        ཨ་ཕ་ལགས་དེ་འཕྲལ་མིག་ཆུ་དང་བཅས་བརྒྱུགས་སོ།།
                  —— རྒྱུགས་སྐར་ཁོ་ནར་དོ་སྣང་བྱེད་པའི་ཁྱིམ་བདག་དག་ལ་ཕུལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1