ཞིན་ཧྭ་གསར་འགྱུར་ཁང་གི་བརྙན་ལེན་གསར་རྩོམ་རྟེན་གཞི་ཐོག་མ་དེ་དཀར་མཛེས་ཁུལ་དུ་བཙུགས།

འོད་ཟེར། རྩོམ་སྒྲིག་པ། འོད་ཟེར།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-07


        སྤྱི་ཟླ་བ་8པའི་ཚེས་3ཉིན། ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ཀྲུང་གོའི་པར་རིས་ཐོན་ལས་ལྡུམ་ཁུལ་གྱི་བརྙན་ལེན་གསར་རྩོམ་རྟེན་གཞི་འཛུགས་པའི་བྱང་འབྱེད་མཛད་སྒོ་དེ་དཀར་མཛེས་ཁུལ་དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་ཝ་ཁྲལ་ཤང་རྫོང་ཞབས་གྲོང་དུ་སྤེལ། ཤེས་རྟོགས་བྱུང་བར་ལྟར་ན། ཝ་ཁྲལ་ཤང་རྫོང་ཞབས་གྲོང་སྡེའི་བརྙན་ལེན་གསར་རྩོམ་རྟེན་གཞི་འདི་ནི་ཞིན་ཧྭ་གསར་འགྱུར་ཁང་གི་བརྙན་ལེན་གསར་རྩོམ་རྟེན་གཞི་ཐོག་མ་དེ་ཡིན་པ་རེད།    རྫོང་ཞབས་གྲོང་སྡེའི་ཁ་གཏད་རོགས་སྐྱོར་ལས་ཁུངས་ཡིན་པའི་ཆ་ནས་ཞིན་ཧྭ་གསར་འགྱུར་ཁང་སི་ཁྲོན་ཡན་ལག་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་པར་རིས་ལྟེ་གནས་དང་།  ཀྲུང་གོའི་གསར་འགྱུར་བརྙན་ལེན་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་ཝ་ཁྲལ་ཤང་རྫོང་ཞབས་གྲོང་སྡེར་བརྙན་ལེན་གསར་རྩོམ་རྟེན་གཞི་ཞེས་མིང་བཏགས་ཤིང་། ས་གནས་འདི་ཀྲུང་གོའི་བརྙན་ལེན་ཡུལ་སྐོར་གནས་ཡུལ་བསྐྲུན་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1