2014ལོའི་སྐབས་དང་པོའི་ཀྲུང་གོའི་བེ་ཤ་དུས་ཆེན་ཉག་ཆུ་རྫོང་དུ་སྤེལ།

འོད་ཟེར། རྩོམ་སྒྲིག་པ།འོད་ཟེར།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-07


          སྤྱི་ཟླ་བ་8པའི་ཚེས་3ཉིན། སྐབས་དང་པོའི་ཀྲུང་གོའི་བེ་ཤ་དུས་ཆེན་དེ་ཉག་ཆུ་རྫོང་དུ་གཟབ་རྒྱས་ངང་སྤེལ། ཞིང་ཆེན་དང་ཁུལ་གྱི་གཙོ་གཉེར་དབུ་ཁྲིད་དང་འཕྲིན་སྦྱོར་ཆེ་གྲས་ཀྱི་གཙོ་རྒྱུན་སྡེ་ཁག་སོ་སོ། ཁེ་ལས་ཆེ་འབྲིང་ཆུང་གསུམ་རིགས་ཀྱི་འཐུས་ཚབ་བཅས་ཉག་ཆུ་རྫོང་དུ་འཛོམས་པ་རེད། ཐེངས་འདིའི་བེ་ཤ་དུས་ཆེན་ཐོག་ཉག་ཆུ་རྫོང་སྲིད་གཞུང་དང་དཀར་མཛེས་ཁུལ་རི་ཅི་ཞིང་ལས་ཐོན་འབྱེད་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་《མ་འཇོག་ཐོན་འབྱེད་འཛུགས་སྐྲུན་གན་རྒྱ》བཞག་པ་དང་།དུས་རིམ་དང་པོར་ཐོན་འབྱེད་གྲོས་མོལ་བྱས་ནས་འཇོག་པའི་མ་དངུལ་སྒོར་དུང་ཕྱུར་6ལ་སླེབས།   ཟླ་བ་8པའི་ཚེས་3ཉིན་གྱི་ཀྲུང་གོའི་བེ་ཤ་ཐོན་ལས་འཕེལ་རྒྱས་ཚོགས་འདུ་ཐོག་ཀྲུང་གོའི་བཟའ་བཅའ་ཤ་མོ་མཐུན་ཚོགས་ཀྱིས་ཉག་ཆུ་རྫོང་ལ་ཀྲུང་གོ་བེ་ཤའི་ཕ་ཡུལ་ཞེས་པའི་མཚན་སྙན་གནང་།ཉག་ཆུ་རྫོང་ཨུ་དང་སྲིད་གཞུང་གིས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་དམིགས་ཤིང་། ཧུར་བརྩོན་གྱིས་ཁྱད་ཆོས་ཡོད་པའི་བཟའ་བཅའ་ཤ་མོ་ཐོན་ལས་འཕེལ་རྒྱས་གཏང་བ་དེ་འདེགས་སྐྱོར་ཐོན་ལས་སུ་བཞག་པ་དང་།མང་ཚོགས་ཡོང་སྒོ་འཕར་སྣོན་དང་འབྱོར་ཕྱུག་ཡོང་བར་དམ་འཛིན་བྱས།ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་སློབ་གསོ་པུའུ་ཡི་བཟའ་བཅའ་དང་སྨན་རྫས་སྤྱོད་པའི་ལས་གྲྭ་ཞིབ་འཇུག་ལྟེ་གནས་དང་མཉམ་ལས་བྱས་ཏེ་ཤུགས་ཆེན་པོའི་སྒོ་ནས་རི་སྐྱེས་ཤ་མོ་ཚན་རིག་དང་མཐུན་པར་ཐོན་འབྱེད་དང་། མིས་འདེབས་གསོ་བྱེད་ཚད་རན་པོས་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང་དུས་མཉམ་དུ་ཐོན་ལས་འཐབ་ཇུས་སྐུལ་འདེད་བཏང་།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1