ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-02


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ་2པའི་ཚེས་1ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ།  གྲོས་རིམ་བདེ་ལེགས་ངང་ལེགས་འགྲུབ་བྱུང་རྗེས།  ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད།  
        ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི་882ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི་868ཡོད་པས།  ཁྲིམས་བཀོད་གཏན་འབེབས་ཀྱི་མི་གྲངས་དང་མཐུན་པ་རེད།  
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་མཛད།  ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ལག་བསྟར་ཀྲུའུ་ཞི་ཧོང་ཅན་ཧྥ། ཁྲེན་ཀོང་ཀྲི  ཧོང་ཡན་རུང་།  ཧོང་ཞིན་ཁྲུའུ།  ཕེང་ཡུས།  ལི་ཞང་ཀྲི  ལིའུ་ཙུའོ་མིང་།  ཅའོ་ཝེ་ཞ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་པ་དབྱི་ལི།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་སོགས་ཚོགས་འདུ་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ཚོགས་འདུ་ལས་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་ཨུ་ཡོན་འདེམས་བསྐོ་བྱས་པ་དང་།  ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ།  ཨུ་ཡོན་བཅས་ཀྱི་འདེམ་བྱའི་འོས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་ནས།  ཅའོ་ཝེ་ཞ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པ་དང་།  མ་ཧྭ་སོགས་མི་74ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས།
        གྲོས་ཚོགས་ཐོག་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད་དང་།  སི་ཁྲོན་ཞིང་ཆེན་གྱི་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། 2018ལོའི་འཆར་གཞི་ཡི་སྐོར་གྱི་གྲོས་ཆོད།  སི་ཁྲོན་ཞིང་ཆེན་གྱི་2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2018ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད།  ཞིང་ཆེན་སྐབས་བཅུ་གཉིས་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད།  སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།  སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།
         ཝང་ཏུང་མིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་“མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་”དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་ཡིན་པའི་ངོས་ནས་“མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པའི་འཕེལ་རྒྱས་བསམ་བློ་”ཏང་གི་སྒྲིག་ཡིག་ཏུ་བཀོད་པ་དེས་ཏང་གི་ངོ་བོ་དང་རྩ་བའི་དགོངས་དོན་གསལ་བོར་བསྟན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་དངོས་གཙོའི་ལོ་རྒྱུས་ལྟ་བའི་ནང་གནས་ཀྱི་བླང་བྱ་འཐུས་ཚང་བར་མངོན་དུ་བཅུག་པར་མ་ཟད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱས་པར་ཕུགས་རིང་བའི་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཨུའི་གྲོས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། མི་དམངས་གཙོ་བོར་འཛིན་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་རྒྱུན་འཁྱོངས་བྱས་ནས་འབད་པ་ལྷུར་ལེན་གྱི་ལས་ལ་བརྩོན་དགོས་པ་དང་། དངོས་དོན་དང་མཐུན་པར་དམངས་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། དམངས་ཚོགས་ལ་གཏན་འཇགས་ཀྱི་ལས་ཀ་དང་སྔར་ལས་ཡིད་ཚིམ་པའི་ཡོང་འབབ། སྔར་ལས་ལེགས་པའི་སློབ་གསོ། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ། སྔར་ལས་ཚད་ཐུབ་ཀྱི་སྤྱི་ཚོགས་འགན་སྲུང་། སྔར་ལས་བག་ཕེབས་ཀྱི་སྡོད་གནས་ཆ་རྐྱེན།  སྔར་ལས་མཛེས་སྡུག་ལྡན་པའི་རང་བྱུང་སྐྱེས་ཁམས། སྔར་ལས་དྲང་བདེན་ཡིན་པའི་སྤྱི་ཚོགས་ཁོར་ཡུག སྔར་ལས་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་བཅས་བསྐྲུན་པ་དང་། སྔར་ལས་མང་བའི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཐོབ་ཏུ་བཅུག་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བརྩོན་དགོས་ཞེས་བསྟན། 
        ཚོགས་ཆེན་མཇུག་བསྒྲིལ་རྗེས་ཀྱི་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོའི་ཐོག་ཏུ།  གསར་དུ་བསྐོ་བཞག་བྱས་པའི་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་ཨུ་ཡོན།  ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ།  ཨུ་ཡོན་བཅས་ཀྱིས་རྩ་ཁྲིམས་དམ་བཅའ་བཞག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1