ཛམ་ཐང་རྫོང་གིས་གཞིས་ཁུལ་གྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་།

གཙུག་ཏོར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-08


        ཉེ་བའི་ལོ་ཤས་རིང་། ཛམ་ཐང་རྫོང་ཛམ་ཁོག་གྲོང་བརྡལ་གྱིས་ཛམ་ཐང་ང་ཡི་གཞིས་ཁྱིན་ཡིན་ཞེས་པའི་བརྗོད་དོན་དང་དམ་དུ་འབྲེལ་ནས་ནུས་ཤུགས་ཆེན་པོས་གཞིས་ཁུལ་རིག་གནས་འཛུགས་སྐྲུན་གྱི་ལས་ཀ་བསྒྲུབས་སྟེ། སོ་སོའི་ཁྱད་ཆོས་ལྡན་ཞིང་ཅུང་ཤུགས་རྐྱེན་ཆེ་བའི་རིག་གནས་མིང་བྱང་ཞིག་བསྐྲུན་ནས། ཁྱོན་ཡོངས་ནས་གཞིས་ཁུལ་སྡོད་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་།  
        ཛམ་ཁོག་གྲོང་བརྡལ་གྱིས་གཞིས་ཁུལ་རིག་གནས་ཀྱི་ནང་དོན་མཐོར་འདེགས་དང་། སྒྲིག་སྲུང་ཁྲིམས་བརྩི་ཡི་གཞིས་ཁུལ་ཁོར་ཡུག་འཛུགས་སྐྲུན་བྱས་ནས། གུས་ཞབས་རིག་གནས་དང་། ཁྲིམས་སྐྱོང་རིག་གནས། མི་དམངས་མཐུན་སྒྲིལ་རིག་གནས། གསར་བརྗེ་རིག་གནས་ཁྱམས་ར་སོགས་ཀྱི་ཕྱོགས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་། ཧུར་ཐག་གིས་ལག་ལེན་བྱས་ནས་གཞིས་ཁུལ་རིག་གནས་འཛུགས་སྐྲུན་ཐད་ནས་མངོན་གསལ་དོད་པོའི་གྲུབ་འབྲས་བླངས། གཞིས་ཁུལ་གྱིས་ཛམ་བྷ་ལའི་དུས་སྟོན་དང་སྲོལ་རྒྱུན་དུས་ཆེན་བརྒྱུད་ནས། སྒྱུག་མོ་བཟང་པོ་དང་། མནའ་མ་བཟང་པོ། བྱམས་ལྡན་མི་སྣ་སོགས་ལ་གཟེངས་བསྟོད་བྱས་པའི་རྣམ་པ་སྤྱད་དེ། གཞིས་ཁུལ་དུ་ཆེ་བཀུར་ཆུང་བྱམས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་། གཞུང་གི་བོགས་གཏོང་ཁང་བའི་ནང་གཞིས་སྡོད་སྤྱི་སྲོལ་དང་། ཚོགས་ཆེན་བཅུ་དགུ་བའི་ཆེད་བཀོད་སྒྲོམ་རིས།  ཁྲིམས་ལྟར་བཅོས་སྐྱོང་། འགན་གསུམ་སྤྱི་བསྒྲགས་སོགས་ཀྱི་བྱེད་ནུས་མང་བའི་དྲིལ་སྒྲོག་འགྲེམས་པང་འཇོག་དགོས་པ་དང་། སྡོད་དམངས་ཀྱི་ལུས་ཕུང་སྦྱོང་བརྡར་དང་འཚམས་པའི་ལུས་རྩལ་ཡོ་བྱད་དང་། གུས་ཞབས་རིག་གནས་ཀྱི་ངལ་གསོ་རྐུབ་སྟེགས་སོགས་བསྐྲུན་ནས། གཞིས་ཁུལ་གྱི་གཞིས་སྡོད་སྤྱི་སྲོལ་གསར་བ་འཐུས་ཚང་དུ་བཏང་།  
        གཞིས་ཁུལ་རིག་གནས་འཛུགས་སྐྲུན་བརྒྱུད་ནས། མང་ཚོགས་ཀྱི་བློ་ཡིད་ལ་འཐད་པའི་རིག་གནས་རྩེད་འཇོའི་བྱ་འགུལ་སྤེལ་བ་དང་། སྡོད་དམངས་དག་ཧུར་ཐག་གིས་གཞིས་ཁུལ་རིག་གནས་འཛུགས་སྐྲུན་ཁྲོད་དུ་ཟབ་ཞུགས་བྱེད་པར་སྐུལ་མ་དང་སྣེ་ཁྲིད་བྱས་པ་དང་། སྡོད་དམངས་དག་གཞིས་ཁུལ་རིག་གནས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་ཧུར་ཐག་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་སྡོད་དམངས་ཀྱི་དཔལ་ཡོན་བྱང་ཚད་མཐོར་འདེགས་བྱུང་།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1