ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 02-23
ཟླ་2པའི་ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཧོ་པེ་ཞུང་ཨན་ས་ཁུལ་གསར་པའི་འཆར་འགོད་སྒྲིག་ལུགས་གནས་ཚུལ་ཡར་ཞུ་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཚོགས་ཐོག་ནས་བསྟན་དོན། ཞུང་ཨན་ས་ཁུལ་གསར་བར་འཆར་འགོད་དང་འཛུགས་སྐྲུན་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་ལོ་རྒྱུས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་ཡིན་པས། རྒྱལ་ས་མ་ཡིན་པའི་ཞིང་ཆེན་གྱི་ནུས་པ་ཇེ་ཆེར་གཏོང་བ་དང་མི་གྲངས་འདུས་སྡོད་ས་ཁུལ་གྱི་གསར་སྤེལ་རྣམ་པ་ལེགས་སྒྱུར་བྱེད་པར་འཚོལ་ཞིབ་བྱེད་པ། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་བར་སྟོང་སྒྲིག་གཞི་སྙོམས་སྒྲིག་དང་ལེགས་སྒྱུར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན།
ཚོགས་ཐོག་ནས་བསྟན་དོན། ཞུང་ཨན་ས་ཁུལ་གསར་བར་འཆར་འགོད་དང་འཛུགས་སྐྲུན་བྱེད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་འཛམ་གླིང་ལ་ཁ་ཕྱོགས་དང་རྒྱལ་སྤྱིའི་ཚད་གཞི་ལྡན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པ། གཏན་གནས་མཐོ་བ་བཅས་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལག་བསྟར་བྱེད་པ་དང་ཞུང་ཨན་སྤུས་ཚད་ཇེ་མཐོར་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་རྒྱལ་ཡོངས་ཀྱི་དཔེ་དབྱིབས་ཤིག་ཏུ་འགྱུར་བར་བྱེད་དགོས། རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་རྒྱལ་ཁབ་རིམ་པའི་གསར་སྐྲུན་སྟེགས་བུ་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་ས་ཁུལ་གསར་བ་གསར་སྐྲུན་བྱ་དགོས།
ཚོགས་ཐོག་ནས་འཆར་འགོད་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་འཆར་འགོད་མ་ལག་འཐུས་ཚང་དུ་བཏང་སྟེ་ཞུང་ཨན་ས་ཁུལ་གསར་བར་རྒྱབ་སྐྱོར་བྱེད་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་ལ་མྱུར་དུ་ཞིབ་འཇུག་བྱེད་པ་དང་། དུས་འོས་འཚམ་ཞིག་ཏུ་རྨང་གཞི་རང་བཞིན་གྱི་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་འགོ་བཟང་བོ་ཞིག་ཚུགས་པར་འགན་སྲུང་བྱ་དགོས་པའི་རེ་བ་བཏོན།།