རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྤེལ་བའི་བརྡ་སྦྱོར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-26


        འདི་ག་ཚགས་པར་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ། བོད་ཀྱི་རྩོམ་རིག་ལས་དོན་དར་རྒྱས་སུ་གཏོང་བ། སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་སྟེགས་བུ་ཞིག་བསྐྲུན་པར་དམིགས་ནས། ད་ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྒྲུང་ཐུང་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན།
        འགྲན་སྡུར་འདིའི་ནང་དུ་ཞུགས་མཁན་ཀུན་གྱིས་ངེས་དགོས་པ་གཤམ་གསལ་ཏེ།
        གཅིག རྒྱལ་ཡོངས་ཀྱི་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་མཁན་ཡོངས་ཞུགས་ཆོག
        གཉིས། ནང་དོན་བདེ་ཐང་ཡིན་པ་དང་། བསམ་བློའི་ཟབ་རྒྱ་ཡངས་ཤིང་སྒྱུ་རྩལ་གྱིས་ཕྱུག་པ། མི་གཤིས་མངོན་པར་དོད་པ་བཅས་ཡིན་དགོས་ལ། བརྗོད་བྱར་ཚད་བཀག་མེད་ཅིང་། ཡིག་འབྲུ3000(ཧི་གཟུགས་ལྟར)ཚུན་ཡིན་དགོས། གཞན་རྩོམ་རྐུ་བཤུ་གཏན་ནས་བྱ་མི་ཆོག
        གསུམ། 2018ལོའི་ཟླ4པའི་ཚེས1ཉིན་ནས2018ལོའི12པའི་ཚེས31ཉིན་བར་འབྱོར་བའི་རྩོམ་ཡིག་རྣམས་ལས་རྩེ་གྲ་དག<<མཚོ་སྔོན་བོད་ཡིག་གསར་འགྱུར>>སྟེང་དུ་དགོད་རྒྱུ་ཡིན།
        བཞི། 2019ལོའི་ཟླ1པར་ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔྱད་འདེམ་གཟབ་ནན་བྱ་རྒྱུ་ཡིན། བྱ་དགའི་རིམ་པར་ཨང་དང་པོ་གཅིག་སྟེ་བྱ་དགའི་དངུལ་སྒོར10000ཡིན། ཨང་གཉིས་པ་གཅིག་སྟེ་སྒོར8000ཡིན།ཨང་གསུམ་པ་གཅིག་སྟེ་སྒོར6000ཡིན། རྟིང་སྐུལ་བྱ་དགའ་གསུམ་སྟེ་སོ་སོར་སྒོར2000ཡིན་ལ་བྱ་དགའི་དཔང་ཡིག་སྟེར་རྒྱུ།

        ལྔ། འགྲན་ཞུགས་རྩོམ་ཡིག་རྣམས་གློག་རྡུལ་ཡིག་ཟམchisanghua@163.comནང་བསྐུར་རྒྱུ་དང་། རྩོམ་ཡིག་གི་མགོར “འགྲན་ཞུགས་བརྩམས་ཆོས”ཞེས་བྲི་དགོས་པར་མ་ཟད། འབྲེལ་གཏུག་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས། སྦྲག་སྲིད་ཨང་གྲངས་བཅས་བོད་རྒྱ་སྦྲགས་མས་གསལ་པོར་བྲི་དགོས་པ་ཐུགས་འཇགས་འཚལ།།


འབྲེལ་གཏུག་པ།           ཚེ་རིང་བཀྲ་ཤིས།
གཞུང་ལས་ཁང་གི་ཁ་པར།    0971-8457657 
ལག་འཁྱེར་ཁ་པར།       18297176834 
                                                                                                 《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་ནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1