རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་འགྲེམས་སྟོན་སྤེལ་ནས་དཔྱིད་གསར་དུས་ཆེན་བསུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-01



         ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། 2018ལོར་དཔྱིད་གསར་དུས་ཆེན་རིང་། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཆེད་དུ“གཡང་ཁྱིར་གཡང་འཁྱིལ་ཞེས་པ་སྟེ། ས་ཁྱི་ལོའི་ལོ་སར་ལ་ཉར་ཚགས་བྱས་པའི་རིག་དངོས་འགྲེམས་སྟོན”དང་། དཔྱིད་གསར་དུས་ཆེན་གྱི་ལོ་སར་གྱི་དམང་སྲོལ་ལྡན་པའི་རིག་དངོས་དང་གཡང་ཁྱི་བརྗོད་བྱར་བྱས་པའི་རིག་གནས་ཤུལ་རྩེ་གྲ་བརྒྱ་ལྷག་ལེགས་འདེམས་བྱས་ནས་གཟིགས་མོ་བར་འགྲེམས་སྟོན་གནང་ཡོད་པ་རེད།
འགྲེམས་སྟོན་གྱི་ཡུལ་དངོས།
         འགྲེམས་སྟོན་ནི“ལོ་སར་བཟུང་བ་སྟེ་དཔྱིད་གསར་དུས་ཆེན་གྱི་ལོ་སར་དམངས་སྲོལ་རིག་གནས”དང་།  “དར་རྒྱས་ཏེ་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་ཁྱི” “རིག་རྒོད་དེ་དམངས་སྲོལ་རིག་གནས་ཁྲོད་ཀྱི་ཁྱི”    “མྱོང་རོལ་ཏེ་རྩོམ་རིག་སྒྱུ་རྩལ་ཁྲོད་ཀྱི་ཁྱི”ཞེས་ནང་དོན་ཆེན་པོ་བཞི་རུ་དགར་ཡོད་ལ། འགྲེམས་དངོས་ནང་རྫ་ཆས་དང་ཟངས་ཆས། དཀར་ཡོལ། གཡང་ཊི།  རི་མོ། དམངས་ཁྲོད་བཟོ་རྩལ་སོགས་རིགས་མང་པོ་ཡོད་པ་རེད།
ལྟད་མོ་བ་ཚོས་ལོ་སར་གྱི་དམངས་སྲོལ་བརྗོད་བྱར་བྱས་པའི་ཡིག་རིས་བརྩམས་ཆོས་ལ་རོལ་མྱོང་གནང་བཞིན་པ།
         ལྟད་མོ་བས་ལོ་སར་གྱི་དམངས་སྲོལ་རིག་གནས་ལ་རོལ་མྱོང་བྱེད་པ་དང་རིག་དངོས་ལ་ངོས་འཛིན་གནང་ཡོད། ལྷིང་འཇགས་ཀྱི་འགྲེམས་ཁང་དང་ཞིབ་ཚགས་ཅན་གྱི་སྒྱུ་རྩལ་ཐོན་རྫས། ལོ་རྒྱུས་རང་བཞིན་ལྡན་པའི་རིག་གནས་ཤུལ་དངོས་བཅས་བསྣམས་ནས་དུས་ཆེན་གྱི་རྣམ་པར་སླར་ཡང་བཀྲ་ཤིས་འཆམ་མཐུན་གྱི་གསོན་ཤུགས་བསྩལ་ཡོད་པ་རེད།
མིག་ཉེར་བཞི་དང་མཐའ་གསུམ་ཡོད་པའི་སྒེའུ་ཁུང་གི་སྦྱར་རིས་ཏེ། ལོ་སྐོར་བཅུ་གཉིས་ཕྱོགས་བཞིར་ཁྱབ་ཡོད་པ།
         ཤེས་རྟོགས་བྱུང་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཟླ3པའི་ཚེས30ཉིན་བར་སྤེལ་རྒྱུ་རེད། 
ཆིང་རྒྱལ་རབས་དུས་ཀྱི་སྐྱ་ཚོན་དེམ།

མིན་གོའི་དུས་ཀྱི་མེ་ཏོག་ཕུག་རོན་གྱི་སྐྱ་ཚོན་བྱུགས་པའི་དེམ།

སུང་རྒྱལ་རབས་དུས་ཀྱི་གཡང་ཊིའི་ཁྱི་རྒན།

ཆིང་རྒྱལ་རབས་དུས་ཀྱི་གཡང་ཊིའི་ཁྱི་ཟུང་།

མིང་རྒྱལ་རབས་དུས་ཀྱིས་གསེར་ཟངས་བྱུགས་པའི་གྲུབ་ཐོབ་པ། པང་ལ་ཁྱི་གུ་ཞིག་བསྣམས་འདུག

ཆིང་རྒྱལ་རབས་དུས་ཀྱི་གསེར་ཟངས་བྱུགས་པའི་ཁྱི་ཞོན་ཆོས་སྐྱོང་།

གསེར་ཟངས་བྱུགས་པའི་དཀྱིལ་འཁོར་དང་བཀྲ་ཤིས་རྟགས་བརྒྱད།  ལོ་སྐོར་བཅུ་གཉིས་ལྡན་པའི་སྡེར་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1