ཉེ་ཆར། ལོ་སར་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་བདེ་བླག་ངང་ཕར་འགྲོ་ཚུར་འོང་བྱེད་ཐུབ་པར་དམིགས་ནས་ན་གཞོན་དང་བླངས་པ་22རྩ་འཛུགས་བྱས་ཏེ་རླངས་འཁོར་བབས་ཚུགས་སུ་མགྲོན་པོར་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་སྤེལ། ན་གཞོན་དང་བླངས་པ་དེ་དག་གིས་རླངས་འཁོར་བབས་ཚུགས་སུ་སྒྲིག་ལམ་ནན་སྲུང་དང་ལམ་སྟོན་མཛུབ་ཁྲིད། ཅ་དངོས་སྐྱེལ་རོགས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ལ་དམིགས་ནས་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བའི་རྒྱུན་ཤེས་ཡིག་ཆའང་འགྲེམ་སྤེལ་བྱས་པ་རེད།།