སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-04


        སྤྱི་ཟླ་པའི་3ཚེས་3ཉིན་གྱི་ཕྱི་དྲོར།  པེ་ཅིན་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པས་དེ་གར་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད།  ཞིང་ཨུའི་ཧྲུའུ་ཅི།  ཞིང་ཆེན་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་བྱས་པ་མ་ཟད་གསུང་བཤད་གནང་།
        ཚོགས་འདུ་ལས་ཝང་ཏུང་མིང་སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་དང་།  དབྱི་ལི།  ཝང་ཡན་ཧྥེ།  ཧྥན་རུའེ་ཕིང་།  ཝང་ཉིང་།  ཁྲེན་ཝུན་ཧྭ།  ཡེ་ཀྲོང་།  ལིའུ་ཙུའོ་མིང་བཅས་ཚོགས་གཙོ་གཞོན་པར་བསྐོས།

        ཚོགས་འདུ་ལས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་དྲུང་ཡིག་ཆེན་མོའི་མིང་ཐོ་དང་།  ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད།  འཐུས་མི་ཚོགས་པས་ཚོགས་འདུ་བསྡུ་མཁན་གྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

        ཝང་ཏུང་མིང་གིས་རྒྱལ་ཡོངས་མི་དམངས་ཀྱིས་རེ་ཞིང་སྒུག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་འཚོག་རྒྱུ་རེད།  འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་།  ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་བཙུགས་པའི་ལོ་ཞིག་དང་།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།  ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འཐབ་ལམ་གསར་པ་སྒོ་འབྱེད་པའི་གལ་ཆེའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པར་མ་ཟད།  རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད་ཅེས་བསྟན།
        ཝང་ཏུང་མིང་གིས་སི་ཁྲིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི་9100ཡི་རེ་བ་ཕྲག་ཏུ་ཁུར་ནས་གྲོས་ཚོགས་ལ་ཞུགས་པ་ཡིན་པས་འོས་འགན་ལ་གཟི་བརྗིད་ལྡན་ཞིང་འགན་ཁུར་ཤིན་ཏུ་ལྕི། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་བླང་བྱ་ཁག་ལ་སློབ་སྦྱོང་དང་གོ་བ་ལེགས་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་ནས་འོས་འགན་ནན་གྱིས་བསྒྲུབས་ནས་ཚོགས་ཆེན་བདེ་བླག་ངང་འཚོགས་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1