འགན་འཁྲི་གཙང་སྒྲུབ་ཀྱིས་དུས་རབས་གསར་པའི་འབད་འཐབ་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-07


—— བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་གནས་ཚུལ་བསྡུས་བཀོད།


ཚོགས་ཆེན་གྱི་ཚོགས་ར།
     མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་རེད། ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་མཉམ་དུ་འཛོམས་ཏེ་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དམིགས་ཏེ་གྲོས་བསྡུར་གནང་བ་མ་ཟད། ད་དུང་ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་དང་། སྲིད་ཞུགས་སྲིད་གྲོས། རྒྱལ་དོན་མཉམ་གླེང་བཅས་ཀྱང་གནང་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི“ཀྲུང་གོའི་ཐབས་ཇུས”ཤིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་སྟོན་བཞིན་ཡོད།
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བ་དང་། ཡིད་ཆེས་ཀྱིས་ཁེངས་བཞིན་ཚོགས་འདུ་གཟབ་རྒྱས་ལ་ཞུགས་པ། འགན་འཁྲི་གཙང་མར་སྒྲུབ་པ། རྒྱལ་དོན་ཐུན་མོང་ཐོག་གླེང་བ་བཅས་ཀྱི་ཐོག་ནས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།

བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན(གཡོན་ནས་གཡས་བར)སྐལ་བཟང་ནོར་བུ་དང་། སངས་རྒྱས་གྲགས་པ། བསོད་ནམས་ཉི་མ། ཀུན་མཛའ་ཆོས་དབང་བཅས་ཀྱིས་ཚོགས་འདུའི་བར་གསེང་དུ་གྲོས་གཞིའི་ནང་དོན་གྲོས་བསྡུར་གནང་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བ།

བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཕུར་བུ་དོན་གྲུབ་ཀྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1