དཀར་མཛེས་ཁུལ་གྱི་ལས་གཞི་30ཞིང་ཆེན་གྱི་གཙོ་གནད་ལས་གཞིའི་འཆར་གཞིའི་ནང་བཞག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07



        ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《2018ལོར་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་དཀར་མཛེས་་ཁུལ་གྱི་གཙོ་གནད་ལས་གཞི30ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞིའི་འཆར་གཞིའི་ནང་བཞག་ཡོད་པ་རེད།
         ལས་གཞི30ཡི་ནང་མུ་མཐུད་ནས་བསྐྲུན་རྒྱུའི་ལས་གཞི23ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2263.4489ཡིན་པའི་ནང་ལོ་འཁོར་ནང་གཏང་རྒྱུའི་འཆར་གཞི་སྒོར་དུང་ཕྱུར156.7ཡིན་པ་རེད། གསར་དུ་ལས་འགོ་ཚུགས་པའི་ལས་གཞི7ཡོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར145.2133ཡིན་པའི་ནང་ལོ་འཁོར་ནང་གཏང་རྒྱུའི་འཆར་གཞི་སྒོར་དུང་ཕྱུར29.73ཡིན་པ་རེད། 
        ལས་གཞི་འདི་དག་ཞིང་ཆེན་གྱི་གཙོ་གནད་ལས་གཞིའི་འཆར་གཞིའི་ནང་བཞག་རྗེས་ས་ཞིང་གི་དམིགས་ཚད་དང་ལས་གཞིའི་མ་རྩ་བསྡུ་གཏོང་། སྔོན་འགྲོའི་ལས་ཀ་སོགས་ཀྱི་ཐད་ལ་རྒྱལ་ཁབ་དང་ཞིང་ཆེན་གྱིས་རྒྱབ་སྐྱོར་ཆེན་པོ་གནང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1